འཇར་མེན་བློན་ཆེན་དང་༸གོང་ས་མཆོག་མཇལ་འཕྲད་གནང་བ།

འཇར་མ་ནིའི་འཛུགས་བསྐྲུན་བློན་ཆེན་མཆོག་གིས་བོད་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད་

2008.05.19

༄༅༎རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་དགག་པ་ཤུགས་ཆེ་བྱ་མིན་ལ་མ་ལྟོས་པར་ འཇར་མ་ནིའི་གཞུང་གི་འཛུགས་བསྐྲུན་བློན་ཆེན་མཆོག་གིས་བོད་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད་ རྒྱ་ནག་གཞུང་གིས་འཇར་མ་ནི་སྲིད་ཞུའི་དབུ་ཁྲིད་ཚོར་ བོད་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་དེ་རྒྱ་ནག་ལ་གནོད་འཚེའི་བྱ་གཞག་ཞིག་ཡིན་པ་ལྟ་བུའི་ངོ་རྒོལ་ཞུས་ཡོད་པས་ ཡུལ་གྱི་ཕྱི་སྲིད་བློན་ཆེན་དང་སྲིད་འཛིན་གཉིས་ནས་རྙོག་གླེང་མི་ཡོང་བའི་ཆེད་༸གོང་ས་མཆོག་གི་མཇལ་ཁ་ཞུས་མེད་རུང་ ཡུལ་གྱི་སྲིད་བློན་ལྕམ་ཨེན་གེ་ལ་མཱར་ཀེལ་མཆོག་ད་རེས་ཡུལ་གྱི་ཕྱི་རོལ་གཟིགས་སྐོར་ཡོད་པ་ལྟར་ མཇལ་འཕྲད་མ་ཐུབ་ཀྱང་ ཕྱིས་འབྱུང་༸གོང་ས་མཆོག་དང་མཇལ་འཕྲད་གནང་གི་ཡིན་ཞེས་གསུངས་ཡོད་པ་དང་ ཁོང་ནས་དེ་སྔ་ཡང་༸གོང་ས་མཆོག་ལ་ཆེས་མཐོའི་སྣེ་ལེན་དང་འབྲེལ་མཇལ་འཕྲད་ཞུས་པར་ རྒྱ་ནག་གཞུང་གིས་འཁོན་འཛིན་ཤུགས་ཆེ་བྱས་ཡོད་པ་རེད་ འཛུགས་བསྐྲུན་བློན་ཆེན་ ཧའེ་ཌི་མ་རཱི་ ཝིག་ཛོ་རེག་ཛུལ་ ཡིས་༸གོང་ས་མཆོག་གི་ལྷན་བོད་ནང་གི་གནས་སྟངས་སྐོར་དང་ བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་དང་ བོད་རྒྱ་ཞི་མོལ་གྱི་གནད་དོན་བཅས་ཀྱི་སྐོར་ ཉན་ཞིབ་ཞུ་རྒྱུའི་གོ་སྐབས་བྱུང་ཞེས་ རྒྱ་ནག་གཞུང་གིས་ངོ་རྒོལ་དང་དགག་བྱར་བརྩི་མེད་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད་ ༸སྤྱྲི་ནོར་༸གོང་ས་མཆོག་ནས་འཇར་མ་ནིའི་འཛུགས་བསྐྲུན་གྱི་བློན་ཆེན་མཇལ་འཕྲད་ཀྱི་རྗེས་སུ་ རྒྱལ་སའི་དབུས་ཀྱི་སྦེརེ་ཌེན་སྦག་ཞེས་འཇར་མ་ནིའི་ཤར་ནུབ་གཉིས་གཅིག་སྒྲིལ་གྱི་མཚོན་རྟགས་ཡིན་པའི་རྒྱལ་སྒོའི་ས་ཁུལ་དེར་འཇར་མ་ནིའི་མི་མང་འདུ་ཚགོས་ཆེན་པོ་ཞིག་ལ་བཀའ་སློབ་གསུང་བཤད་ཅིག་གནང་བ་རྒྱུད་ ༸སྤྱི་ནོར་༸གོང་ས་མཆོག་གིས་ཉིན་གྲངས་ལྔའི་མཛད་འཆར་དེ་མཇུག་སྒྲིལ་གནང་གི་ཡོད་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎