༄༅༎ཨ་རིའི་ངོས་ནས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱེད་རྒྱུ་དེ་ནི་གནས་བབ་དང་བསྟུན་ནས་ཚོང་འབྲེལ་བྱེད་ཀྱི་ཡོད་པ་ཞིག་ཡིན་ལུགས་ཨ་རིའི་བདེ་སྲུང་དྲུང་ཆེ་མཆོག་གིས་དག་སེལ་གནང་ཡོད་འདུག
དེ་ཡང་ཨ་རིའི་བདེ་སྲུང་དྲུང་ཆེ་མཆོག་དང་དམག་སྤྱི་མའེ་ཀལ་མུ་ལིན་རྣམ་གཉིས་ནས་ཁ་ས་རེས་གཟའ་ལྷག་པའི་ཉིན་བཅར་འདྲི་དང་ལེན་སྐབས་དྲུང་ཆེ་རོ་སྦཏ་གེདྲ་སི་མཆོག་གིས། ང་ཚོས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱེད་རྒྱུ་དེ་ནི་ཐའེ་ལྦན་མཉམ་གྲོས་ཆོད་བཞག་པ་གཟིར་བཟུང་ཚོང་བསྒྱུར་བྱེད་པ་ཞིག་ཡིན་ཞེས་གསུངས་པ་དང་ཆབས་ཅིག་ཁོང་གིས། ཐའེ་ལྦན་དང་རྒྱ་ནག་གཉིས་དབར་འབྲེལ་བའི་འཕེལ་ཕྱོགས་ཡག་ཏུ་ཕྱིན་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་རེད་ལ་ང་ཚོས་ཀྱང་དགའ་བསུ་ཞུ་རྒྱུ་ཡིན། ཡིན་ནའང་དེར་གཞིགས་པས་རྒྱ་ནག་ངོས་ནས་ཐའེ་ལྦན་གྱི་ཁ་གཏད་དུ་མཚོ་ཁའི་སྟེང་མེ་ཤུགས་འཕུར་མདེལ་དང་གཞན་ཡང་དམག་དོན་གྱི་འཕྲུལ་རིགས་དཔུང་འཇོག་ཤུགས་ཆེན་པོ་བྱས་དང་བྱེད་བཞིན་པ་དེའི་ཐོག་ལའང་འགྱུར་བ་གང་ཡང་ཕྱིན་མེད་པ་རེད། དེ་འདྲ་ཡིན་དུས་མཚོ་ཁ་གཉིས་དབར་འབྲེལ་བ་ཡག་ཏུ་ཕྱིན་པ་དེས་རང་བཞིན་གྱི་དམག་དོན་གྱི་ལས་དོན་ཐོག་ནུས་ཤུགས་ཆུང་དུ་གཏོང་དགོས་པའང་ཆགས་མེད་པ་ནི་དངོས་ཡོད་གནས་ཚུལ་རེད་ཅེས་འགྲེལ་བརྗོད་གནང་འདུག དེའི་ཐོག་དམག་སྤྱི་མུ་ལིན་མཆོག་ནས་ཀྱང་དགོངས་ཚུལ་ལ་མོས་མཐུན་གནང་བ་དང་སྦྲགས་རྒྱ་ནག་ངོས་ནས་འབྲེལ་བའི་ཁ་ཕྱོགས་འགྱུར་བ་གཏོང་ཐབས་སུ་ཁ་ཞེ་གཉིས་མེད་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག