བོད་མིའི་སྒྲིག་འཛུགས་ཀྱིས་གྷན་དྷིའི་འཁྲུངས་སྐར་སྲུང་བརྩི་གནང་འདུག


2017.10.02
བོད་མིའི་སྒྲིག་འཛུགས་ཀྱིས་གྷན་དྷིའི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༢༠༡༧།༡༠།༢ བོད་མིའི་སྒྲིག་འཛུགས་ཀྱིས་གྷན་དྷིའི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༢༠༡༧།༡༠།༢
RFA

རྒྱ་གར་གྱི་རྩ་དོན་འགྲུབ་པ་ནང་བཞིན་བོད་མིའི་རྩ་དོན་ཡང་འཚེ་མེད་ཞི་བའི་ལམ་ནས་འགྲུབ་ཀྱི་རེད་ཅེས་གྷན་ངྷིའི་འཁྲུངས་སྐར་ཉིན་སྲིད་སྐྱོང་མཆོག་གིས་གསུངས་འདུག
དེ་ཡང་སྤྱི་ཚེས་༢་ཉིན་། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིའི་དགུང་ལོ་༡༤༨་སོན་པའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་མཛད་སྒོ་མདོར་བསྡུས་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྣེ་ཁྲིད་ཐོག་གཞུང་འབྲེལ་གོ་སྒྲིག་ཞུས་ཡོད་པ་དང་། དེའི་སྟེང་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་གཙོས་པའི་ལྷན་ཁང་འདྲ་མིན་ཁག་གི་སྲི་ཞུའི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད་འདུག
སྲིད་སྐྱོང་མཆོག་གིས་ཐོག་མར་དམ་པ་གྷན་དྷིའི་སྐུ་པར་མདུན་དུ་མཆོད་མེ་ཞིག་ཕུལ་གྲུབ་རྗེས། དུས་ཚོད་ཁྱད་པ་ཅན་འདི་ཆེ་བསྟོད་གྱི་ཚུལ་ཏུ་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་རེད། དེ་རྗེས་གསར་འགོད་པ་ཚོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་འོག་བོད་མིའི་སྒྲིག་འཛུགས་ཀྱིས་བོད་དེ་བཞིན་འཚེ་བ་མེད་པའི་ཐབས་ལམ་ཐོག་ནས་སེལ་ཐབས་བྱ་རྒྱུ་ཡིན་པའི་དམ་བཅའ་ཟབ་མོ་ཡོད་ཅེས་ནན་བརྗོད་ཞུས་འདུག
སྲིད་སྐྱོང་མཆོག་གིས་ང་ཚོ་བོད་མི་ཚོས་ཡང་རྒྱ་གར་ལྟར་རང་དབང་འཐབ་རྩོད་ཁྲོད་འཚེ་བ་མེད་པའི་ཐབས་ལམ་རྒྱུན་འཛིན་བྱེད་བཞིན་ཡོད། འཚེ་བ་མེད་པའི་ཐབས་ལམ་དེས་རྒྱ་གར་ལྟར་བོད་ཀྱི་གནད་དོན་ཐད་ལའང་གྲུབ་འབྲས་ཡོང་བ་ང་ཚོ་ཀྱང་རེ་བ་དང་སྨོན་འདུན་ཞུ་བཞིན་ཡོད་ཅེས་བརྗོད་འདུག ད་དུང་ཁོང་གིས་དམ་པ་གྷན་དྷིའི་ནི་རྒྱ་གར་གྱི་རང་དབང་འཐབ་རྩོད་ཀྱི་མེས་པོ་ཞིག་ཡིན་པ་གཅིག་པུ་མིན་པརཁོང་ནི་སློབ་གསོ་ལ་དྲིལ་བསྒྲགས་ཤུགས་ཆེན་གནང་མཁན་དང་། མ་ཟད་ཁོར་ཡུག་ལ་གཅེས་སྲུང་གནང་མཁན་ཞིག་ཡིན། དེ་ལྟར་བཞིན། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཤེས་ཡོན་དེ་བཞིན་ནང་ལས་ནང་གི་གལ་ཆེ་ཞིག་ཡིན་པར་བརྟེན་དེའི་ཐད་ནན་བརྗོད་ཞུ་བཞིན་ཡོད་ལ། ཁོར་ཡུག་གཅེས་སྲུང་དེ་ཡང་དམ་པ་གྷན་དྷིའི་གལ་ཆེའི་ལས་དོན་ཞིག་ཡིན་ཞིང་། བོད་སྐོར་མཚོན་ནའང་། ཨེ་ཤེ་ཡའི་ཆུའི་འབྱུང་ཁུངས་ཞིག་ཡིན་པར་བརྟེན་ཁོར་ཡུག་ནི་གལ་ཆེའི་གནད་དོན་ཞིག་ཆགས་ཡོད་པ་རེད། དེར་བརྟེན་དེ་སྔོན་དང་མ་འདྲ་བར་དྲག་སྤྱོད་དང་རྒྱལ་ཞེན་རིང་ལུགས་དང་མཐར་ལྷུང་རིང་ལུགས་ཀྱི་གནས་སྟངས་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདི་དང་བསྟུན་དམ་པ་གྷན་དྷིའི་ལྟ་གྲུབ་དེ་འཛམ་གླིང་ཀུན་ལ་མང་བ་ཁྱབ་ཐུབ་པ་རེ་བ་ཡོད་ཅེས་བརྗོད་འདུག
དམ་པ་གྷན་དྷིའི་འཁྲུངས་སྐར་སྤྱི་ཟླ་༡༠་པའི་ཚེས་༢་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལྷན་ཚོགས་ཀྱིས་སྤྱི་ལོ་༢༠༠༧་ལོའི་སྤྱི་ཟླ་༧་པའི་ཚེས་༡༥་ཉིན་གྲོས་ཆོད་ཞིག་གཏན་འབེབས་བྱས་པའི་ནང་འཚེ་བ་མེད་པའི་རྒྱལ་སྤྱིའི་ཉིན་མོ་ཞིག་ཡིན་པ་ཡང་གཏན་ཁེལ་བྱས་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎