བོད་ནང་དགའ་ལྡན་ལྔ་མཆོད་སྐབས་དམག་མི་མང་པོ་འགྲེམས་འཇོག


2018.12.03
དགའ་ལྡན་ལྔ་མཆོད་སྐབས་ལྷ་ལྡན་གཙུག་ལག་ཁང་གི་མདུན། ༢༠༡༨།༡༢།༢ དགའ་ལྡན་ལྔ་མཆོད་སྐབས་ལྷ་ལྡན་གཙུག་ལག་ཁང་གི་མདུན། ༢༠༡༨།༡༢།༢
བོད་འབྱོར།

བོད་ནང་དགའ་ལྡན་ལྔ་མཆོད་སྐབས་རྒྱ་ནག་གཞུང་གིས་ལྷ་སའི་གཙུག་ལག་ཁང་སོགས་སུ་རྒྱ་ནག་གི་དམག་མི་མང་པོ་འགྲེམ་འཇོག་བྱས་འདུག
དེ་ཡང་འདི་ལོའི་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ཇོ་ཁང་དང་བར་སྐོར་སོགས་སུ་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེན་པོ་འགྲེམས་འཇོག་གིས་དམ་དྲག་ནན་མོའི་འོག་དད་ལྡན་མང་ཚོགས་རྣམས་ལ་མཆོད་མཇལ་བྱེད་དུ་བཅུག་ཡོད་པ་དང་། བོད་མི་མཆོད་མཇལ་བ་ཞིག་གིས། བཞི་མཆོད་ནས་བཟུང་ལྔ་མཆོད་བར་དུ་རྒྱ་ནག་གི་དམག་མིའི་དམ་དྲག་འོག་མཆོད་མཇལ་བྱས་བ་དང་ཁོང་ཚོའི་འཇིག་འཇིག་རྔམ་རྔམ་གི་རྣམ་པ་མཐོང་དུས་ངོ་མ་སེམས་སྐྱོ་ཡ་ཞིག་ཡིན་པ་བརྗོད་སོང་།
གཞན་ཡང་འབྲེལ་ཡོད་གནས་ཚུལ་རྒྱུས་མངའ་ཡོད་མཁན་ཞིག་གིས། སྤྱི་རྩིས་ཀྱི་ཚེ་གཅིག་གི་ཉིན་མོར་བཞི་མཆོད་དང་ཕྱི་ཚེས་གཉིས་ཉིན་ལྔ་མཆོད་ཡིན་པས་ལྷ་སར་གནས་སྡོད་དང་ཕྱོགས་ཡོང་གི་དད་ལྡན་མཆོད་མཇལ་བ་སྟོང་ཕྲག་མང་པོ་བཞི་མཆོད་དགོང་མོ་ནས་བཟུང་ལྷ་སའི་གཙུག་ལག་ཁང་དང་བར་སྐོར་བཅས་སུ་སྐོར་བ་དང་ཕྱག་མཚལ་བ་མཆོད་མེ་ཕུལ་ནས་དགེ་སྒྲུབ་ཀྱི་མཆོད་མཇལ་བྱེད་མགོ་ཚུགས་པ་དང་སྐབས་བསྟུན་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དྲག་ཆས་དམག་མི། དམིགས་གསལ་དམག་ཆས་གྱོན་མེད་མཁན་གྱི་དམག་མི་བཅས་ཧ་ཅང་ཕོན་ཆེན་པོ་འགྲེམས་འཇོག་གིས་ལྟ་སྲུང་དམ་དྲག་ནན་མོའི་འོག་མི་མང་རྣམས་རུ་སྒྲིག་ནས་འགྲོར་བཅུག་སྟེ་མཆོད་མཇལ་བྱེད་དུ་བཅུག་ཡོད་འདུག་པ་དང་སྦྱིར་ན་བཞི་མཆོད་ཉིན་མོའི་དགོང་དྲོ་ནས་བཟུང་ལྔ་མཆོད་ཉིན་གང་བོར་བཅས་ལ་མཆོད་མཇལ་ཧ་ཅང་མང་བའི་དབང་གིས་མི་མང་གིས་ལག་དུ་མཆོད་རྫས་སོགས་བཟུང་ནས་མཚན་གང་བོར་མཇལ་བ་རྣམས་འཚམས་ཆད་མེད་པ་དང་། རྒྱ་ནག་གི་དམག་མིའི་ཀྱང་དེ་ལྟར་དོ་དམ་ནན་མོ་བྱས་སོང་། རྒྱ་ནག་གིས་དེ་ལ་གཙོ་བོ་མི་མང་གི་བདེ་འཇག་གི་ཆེད་དུ་ཡིན་པ་ལས་དམ་དྲག་མིན་ཚུལ་བཤད་གི་ཡོད་པ་རེད་མོད་དོན་དངོས་སུ་དོན་དག་འདྲ་བྱུང་ཚེས་དྲག་གནོན་གྱི་གྲལ་སྒྲིག་ཆ་ཚང་བྱས་ནས་བསྡད་པའི་འོག་མང་ཚོགས་ལ་མཇལ་ཁ་ཞུ་རུ་བཅུག་འདུག་ཅེས་བརྗོད་སོང་།
དེ་མིན་མདོ་སྨད་སྐུ་འབུམ་དང་། བླ་བྲང་བཀྲ་ཤིས་འཁྱིལ། རེབ་གོང་རོང་བོ་དགོན་ཆེན་བཅས་བོད་ནང་གི་དགོན་སྡེ་མང་པོའི་ནང་དགའ་ལྡན་ལྔ་མཆོད་སྐབས་སུ་མཆོད་མེ་སྟོང་ཕྲག་མང་པོ་སྤར་ནས་དུས་ཆེན་སྲུང་བརྩི་བྱེད་བཞིན་པའི་རྣམས་པ་སྤྱི་ཚོགས་དྲ་ལམ་ཁག་དུ་མང་པོ་སྤེལ་བཞིན་ཡོད་པ་རེད།
གཞན་ཡང་བལ་ཡུལ་དང་རྒྱ་གར་བཅས་སུ་ཡང་ལྔ་མཆོད་ཉིན་མོར་ནང་བའི་དད་ལྡན་མང་ཚོགས་ཕོན་ཆེན་འདུ་འཛོམས་ཐོག་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་སྤྲང་བོ་ལ་སྦྱིན་གཏོང་སོགས་དགེ་སྒྲུབ་ཀྱི་ལས་ལ་འབད་ཡོད་པ་རེད།

གསར་འགོད་པ་ཀུན་བཟང་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎