འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་སྐོར།

འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་དབུ་འཁྲིད་རྣམས་ནས་ཡར་ཐོན་ཅན་དུ་འགྱུར་བཞིན་པའི་རྒྱལ་ཁབ་ཁག་དང་ལྷན་ཚོགས་གནང་རྒྱུ་ཡིན་པའི་སྐོར།

2009.07.09

༄༅༎འཛམ་གླིང་ཚ་དྲོད་རྒྱས་པའི་མྱུར་ཚད་བཀག་འགོག་སླད་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་དབུ་འཁྲིད་རྣམ་ནས་ཡར་ཐོན་ཅན་དུ་འགྱུར་བཞིན་པའི་རྒྱལ་ཁབ་ཁག་དང་ལྷན་ཚོགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ལྷག་པའི་ཉིན་ཨི་ཊ་ལི་ནང་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བརྒྱད་ཀྱི་དབུ་འཁྲིད་དབར་འཛམ་གླིང་གནམ་གཤིས་དང་ལྷག་པར་དུ་གི་རིན་ཧ་ཨོསི་ཞེས་སའི་གོ་ལ་ཚ་དྲོད་རྒྱས་པའི་འབྱུང་ཁུངས་ཀྱི་དུག་རླངས་ཉུང་དུ་གཏོང་ཕྱོགས་སྐོར་ལྷན་ཚོགས་དེ་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་དབུ་བཞུགས་ཐོག་འགོ་འཛུགས་བྱས་ཡོད་པ་རེད། ཉིན་དང་པོའི་ལྷན་ཚོགས་ཐོག་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་དབུ་འཁྲིད་རྣམས་ནས་སའི་གོ་ལའི་ཚ་དྲོད་རྒྱས་པའི་མྱུར་ཚད་དེ་ཚ་གྲང་སེན་ཊི་གེརེདྲ་གཉིས་འམ་དེ་སྔ་བཟོ་ལས་ཀྱི་དུས་འགྱུར་མ་བྱུང་སྔོན་གྱི་གནམ་གཤིས་ཀྱི་ཚ་དྲོད་དང་ཁྱད་མེད་ཚད་བཀག་བྱ་རྒྱུ་དང་དེ་བཞིན་ཉིས་སྟོང་ལྔ་བཅུ་ནང་ཚུད་འབྱོར་ལྡན་རྒྱལ་ཁབ་ཁག་ནང་ཁ་རླུང་སྦག་བཙོག་གི་ཚད་གཞི་དེ་བརྒྱ་ཆ་བརྒྱད་བཅུ་ཉུང་དུ་གཏོང་རྒྱུ་དང་འཛམ་གླིང་སྤྱི་ཡོངས་ཐོག་ཁ་རླུང་སྦག་བཙོག་གི་ཚད་གཞི་བརྒྱ་ཆ་ལྔ་བཅུ་ཐམ་པ་ཉུང་དུ་གཏོང་རྒྱུ་སོགས་ཀྱི་སྐོར་མོས་མཐུན་བྱུང་ཡོད་པ་རེད། དེ་རིང་ལྷན་ཚོགས་ཀྱི་ཉིན་གཉིས་པའི་ཐོག་འབྱོར་ལྡན་རྒྱལ་ཁབ་ཀྱིས་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དུ་འགྱུར་བཞིན་པའི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་སྦེ་རི་ཛིལ།མེ་སི་ཀོ།ཨི་ཇིབ་ཊི།ལྷོ་ཨཕ་རི་ཀ་བཅས་མགྲོན་འབོད་གནང་ཡོད་པ་རེད། ཡིན་ཡང་གནས་ཚུལ་དབྱེ་ཞིབ་པ་ཁག་གིས་ད་རེས་བཟོ་ལར་ཡར་ཐོན་ཅན་གྱི་རྒྱལ་ཁབ་བརྒྱད་ཀྱི་དབུ་འཁྲིད་རྣམས་ནས་འཛམ་གླིང་ཚ་དྲོད་རྒྱས་པའི་མྱུར་ཚད་སྔོན་འགོག་གི་ཚད་གཞི་གསལ་བསྒྲགས་བྱས་པ་ཙམ་མ་གཏོགས་དོན་དངོས་ལས་འཆར་ཁ་གསལ་མེད་པའི་སྐྱོན་བརྗོད་བྱེད་བཞིན་འདུག་ལ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གིས་ཀྱང་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་འདིའི་ཐོག་ནས་དོན་དམ་གྱི་ལས་འཆར་གསལ་འདོན་ཡོང་བའི་ནན་བརྗོད་གནང་འདུག དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་གིས་བརྗོད་ན་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་སའི་གོ་ལའི་ཚ་དྲོད་བཀག་འགོག་གི་གྲོས་འཆར་དེར་རྒྱ་ནག་དང་རྒྱ་གར་གཉིས་ཀྱི་མོས་མཐུན་གཅིག་མཚུངས་ཡོང་རྒྱུ་ཁག་པོ་ཡིན་པ་དང་དཔེར་ན་རྒྱ་གར་ཕྱོགས་ནས་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱིས་ཉིས་སྟོང་ལྔ་བཅུ་ནང་ཚུད་ཞེས་པའི་ལས་འཆར་དེ་དུས་ཚོད་ཐག་འགྱངས་ཡིན་པའི་སྐྱོན་བརྗོད་བྱེད་མུས་ཡིན་པ་དང་ཡང་རྒྱ་ནག་ལྟ་བུར་མཚོན་ན་ཉེ་ཆར་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་དྲག་ཟིང་གི་གནས་སྟངས་ལ་རྐྱེན་པས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཕྱིར་ལོག་ཕེབས་པ་སོགས་འགོག་རྐྱེན་ཇེ་མང་གི་གནས་ཚུལ་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎