དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་སླར་གསོ་ཡོང་ཐབས།
འབྱོར་ལྡན་རྒྱལ་ཁབ་ཉི་ཤུས་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་སླར་གསོ་ཡོང་རྒྱུའི་ཐོག་བསམ་ཚུལ་གཅིག་མཐུན་བྱུང་ཡོད་འདུག
-
2009-03-14 -
-
-
༄༅༎འཛམ་གླིང་ནང་གི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ནོར་སྲིད་དང་དངུལ་ཁང་ཁག་གི་དཔོན་རིགས་ཚོ་ཕྱི་ཚེས་བཅུ་བཞི་ཉིན་དབྱིན་ཇིའི་ནུབ་ཕྱོགས་ཧོར་ཤེམ་གྲོང་ཁྱེར་ནང་ལྷན་འཛོམས་གནང་སྟེ་རྒྱལ་སྤྱིའི་དངུལ་རྩའི་གནས་སྟངས་སླར་གསོ་ཡོང་རྒྱུའི་ཆེད་གྲོས་བསྡུར་གནང་ཡོད་པ་དང་ཡུལ་གྲུ་ཉི་ཤུའི་དཔལ་འབྱོར་དང་དངུལ་ཁང་སོགས་ཀྱི་དཔོན་རིགས་ཚོའི་དབར་གྲོས་བསྡུར་གནང་བའི་ནང་ཨ་རིའི་ཕྱོགས་ནས་འཛམ་གླིང་ཡུལ་གྲུ་ཁག་གིས་སྤྱི་པའི་འགྲོ་འགྲོན་མ་དངུལ་མང་དུ་གཏང་རྒྱུའི་གྲོས་འགོ་བཏོན་གནང་ཡོད་པ་དང་ཡིན་ནའི་ཡོ་རོབ་ཡུལ་གྲུ་ཁག་གིས་དངུལ་རྩའི་ཁྲོམ་རའི་ལམ་ལུགས་ལ་འགྱུར་བཅོས་བྱ་དགོས་གལ་ཆེ་བ་ནན་བརྗོད་གནང་ཡོད་ཅིང་ལྷན་ཚོགས་ཐོག་ཡུལ་གྲུ་ཁག་གི་དཔོན་རིགས་རྣམ་པའི་དབར་བསམ་ཚུལ་མི་ཐུབ་པ་ཡོད་ཀྱང་ཁྱོན་ཡོངས་ནས་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་སླར་གསོ་ཡོང་རྒྱུའི་ཐོག་བསམ་ཚུལ་གཅིག་མཐུན་བྱུང་ཡོད་པའི་སྐོར་དབྱིན་ཇིའི་ནོར་སྲིད་དཔོན་རིགས་ནས་འགྲེལ་བརྗོད་གནང་བཞག ད་རེས་ཀྱི་ལྷན་ཚོགས་དེ་བཞིན་ཟླ་བ་རྗེས་མའི་རྒྱལ་ཁབ་ཉི་ཤུའི་རྒྱལ་སྤྱིའི་དཔལ་འབྱོར་སླར་གསོའི་སྐོར་གྱི་ལྷན་ཚོགས་དེའི་སྔོན་འགྲོ་ཚོགས་འདུ་ཞིག་ཡིན་པ་རེད༎