༸གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་འཚམས་གཟིགས།

རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཆེན་པོའི་མཉམ་འབྲེལ་བ་དམ་ཟབ་དགོས་ཡག་གལ་ཆེ་ཡང་དཔལ་འབྱོར་ཁོ་ནའི་དོན་དུ་བྱས་ན་འགྲིག་གི་མེད་པའི་སྐོར།

2008.12.02

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་ཆིབས་བསྒྱུར་གྱི་ཉིན་གསུམ་པ་དེར་གསར་འགོད་ལྷན་ཚོགས་ཀྱི་ཐོག་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཆེན་པོའི་མཉམ་འབྲེལ་བ་དམ་ཟབ་དགོས་ཡག་དེ་གལ་གནད་ཆེན་པོ་ཡིན་རུང་དཔལ་འབྱོར་ཁོ་ནའི་དོན་དུ་བྱས་ན་འགྲིག་གི་མེད་པའི་སྐོར་བཀའ་གནང་སྟེ་སྨྲ་བརྗོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དམངས་གཙོ་བཅས་ཀྱི་རྩ་དོན་ཐོག་ལངས་ཕྱོགས་བརྟན་པོ་འཛིན་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་དུས་ཁ་ཞེ་གཉིས་མེད་ཀྱི་མཛའ་གྲོགས་ཀྱི་འབྲེལ་ལམ་ཡོང་ཡག་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་བརྟན་པོ་ཞིག་བྱས་པ་ཡིན་ན་མཐའ་མ་དེར་གཞན་གྱིས་བསྔགས་བརྗོད་གཏན་གཏན་བྱེད་ཀྱི་རེད་ཅེས་བཀའ་གནང་འདུག དེང་སྐབས་༸གོང་ས་མཆོག་ཡུ་རོབ་ཁུལ་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརག་ནང་ཕྱི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་བཟུང་ཉིན་གྲངས་གསུམ་རིང་བཞུགས་འདན་འཇགས་པའི་རིང་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་མིརེཀ་ཀྲོ་པོ་ལ་ནེཀ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་ཅེཀ་རྒྱལ་ཡོངས་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་ཞུ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་ཚོགས་ནང་གཟིགས་སྐོར་གནང་ཡོད་ཅིང་སྐབས་དེར་ཡུལ་དེའི་རྒྱལ་སྲུང་དང་འགྲོ་བ་མིའི་ཐོབ་ཐང་།ཁོར་ཡུག་དང་རིག་གཞུང་བློན་ཆེན་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད། ༸གོང་ས་མཆོག་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་བོད་མི་ཚོར་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མི་དམངས་དང་སྲིད་གཞུང༌།གྲོས་ཚོགས་སོགས་སུ་འདྲ་ཞིག་ཡིན་རུང་བོད་ལ་ཤ་ཞེན་གནང་བ་ཙམ་མ་ཡིན་པར་བདེན་པར་རྒྱབ་སྐྱོར་གནང་བ་ཡིན་པར་ངོས་འཛིན་ཞུ་གི་ཡོད་སྐོར་བཀའ་གནང་འདུག

དེ་བཞིན་ཁུལ་དེར་མང་ཚོགས་སྟོང་ཕྲག་གསུམ་འགལ་བར་བདེ་སྐྱིད་ཀྱི་རྩ་བ་སྙིང་རྗེའི་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ་དང་ཡུལ་དེའི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་དང་ལྷན་དུ་སྐུ་ལྷོད་བཞུགས་ཐོག་དུས་ཡུན་ཕྱག་ཚོད་ཕྱེད་ཀ་ཙམ་རིང་མཇལ་འཕྲད་བཀའ་མོལ་གནང་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་སུད་སིའི་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་གནང་འདུག ༸གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་ད་རེས་ཀྱི་ཆིབས་བསྒྱུར་དེ་ཐེངས་བདུན་པ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎