བོད་རང་དབང་ལས་འགུལ་ཚོགས་པས་པེ་ཅིང་གི་ངོ་རྒོལ་བར་རྒྱབ་སྐྱོར་གྱི་འཕྲེད་དར་དཔྱང་འདུག

2022.10.20
བོད་རང་དབང་ལས་འགུལ་ཚོགས་པས་པེ་ཅིང་གི་ངོ་རྒོལ་བར་རྒྱབ་སྐྱོར་གྱི་འཕྲེད་དར་དཔྱང་འདུག བོད་རང་དབང་ལས་འགུལ་ཚོགས་པས་པེ་ཅིང་གི་ངོ་རྒོལ་བར་རྒྱབ་སྐྱོར་གྱི་འཕྲེད་དར་དཔྱང་པ། ༡༠།༢༠།༢༠༢༢
Free Tibet UK

དབྱིན་ཡུལ་ནང་གི་བོད་རང་དབང་ལས་འགུལ་ཚོགས་པས་པེ་ཅིང་གི་ངོ་རྒོལ་བར་རྒྱབ་སྐྱོར་ཆེད་ལོན་ཌོན་གྱི་(Westminster)་ཟམ་པའི་སྟེང་འཕྲེད་དར་དཔྱང་འདུག
དེ་ཡང་རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་༢༠པ་ཚོགས་རྒྱུར་ཉིན་གྲངས་གསུམ་ལས་མེད་པའི་སྐབས་དང་བསྟུན། ཚེས་༡༣ཉིན་པེ་ཅིན་གྱི་འཁྲུག་ཆ་དོད་པའི་ས་ཁུལ་(Haidian)་རྗོང་གི་(Sitong)་ཞེས་པའི་ཟམ་པའི་སྟེང་། རྒྱ་མི་ཞིག་གིས་སློབ་མཚམས་དང་ལས་མཚམས་བཞག་སྟེ་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་འཚོང་ནང་རུལ་པ་ཞི་ཅིང་ཕིང་གནས་དབྱུང་གཏོང་དགོས་ཞེས་འབོད་ཚིག་འདྲ་མིན་བྲིས་བའི་འཕྲེད་དར་ཁག་ཁ་ཤས་དཔྱང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར། འདི་ཚེས་༢༠ཉིན། དབྱིན་ཡུལ་གྱི་བོད་རང་དབང་ལས་འགུལ་ཚོགས་པས་སྣེ་ཁྲིད་འོག་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེས་ཆེད། འབོད་ཚིག་གཅིག་པ་འཁོད་པའི་འཕྲེད་དར་ཞིག་དབྱིན་ཡུལ་གྱི་རྒྱལ་སའི་(Westminster)་ཟམ་པའི་སྟེང་དུ་དཔྱང་ཡོད་པ་རེད།
བོད་རང་དབང་ལས་འགུལ་ཚོགས་པའི་བསྟན་འཛིན་ཀུན་དགའ་ལགས་ཀྱིས། འཕྲད་དར་དེ་འཛམ་གླིང་ཐོག་ལས་འགུལ་བ་གཞན་ཚོར་བཏང་ནས། རང་རང་སོ་སོའི་ས་གནས་སུ་གདུང་སེམས་མཉམ་སྐྱེས་ཀྱི་ལས་འགུལ་སྤེལ་ནས། པེ་ཅིང་དུ་བྱུང་བའི་གནས་ཚུལ་དེ་འཛམ་གླིང་ཐོག་ཕྱིར་བསྒྲགས་ཡོང་རྒྱུར་སྐུལ་འདེད་བྱེད་བཞིན་པ་དང་། བོད་པ་ཞིག་ཡིན་པའི་ཆ་ཤས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་སྲིད་ཇུས་དེས། རྒྱ་ནག་གིས་བཙན་བཟུང་བྱས་བསྡད་ཡོད་པའི་བོད་ནང་གི་བོད་མི་སྤུན་ཟླ་ཚོར་དཀའ་སྡུག་ཇི་ཙམ་སྤྲོད་བཞིན་པ་དང་། ཡུ་གུར་མི་རིགས་ཚོར་དཀའ་ངལ་དང་། ཧོང་ཀོང་ནང་གི་རང་དབང་རྩ་བརླག་བཏང་བ་སོགས་ལ་བརྟེན། རྒྱ་ནག་ནང་གི་(Peng)་ཟེར་བའི་ཁེར་རྐྱང་གི་ངོ་རྒོལ་བ་ཁོང་གི་སེམས་ཁམས་དེ་ཤེས་རྟོགས་ཐུབ་ངེས་རེད་ཅེས་གསུང་ཡོད་པ་རེད།
ད་རེས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ནམ་རྒྱུན་མཐོང་དཀོན་པའི་ཞི་ཅིན་ཕིན་ལ་ངོ་རྒོལ་གྱི་གནས་ཚུལ་བྱུང་རྗེས། ཁེར་རྐྱང་ལས་འགུལ་བ་དེར་རྒྱབ་སྐྱོར་ཆེད་རྒྱལ་སྤྱིའི་ཡུལ་གྲུ་གང་སར་ཞི་ཅིན་ཕིན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག

གསར་འགོད་པ། ཚེ་བརྟན་རྡོ་རྗེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎