ཕ་རན་སིའི་ནང་འཇིགས་སྐུལ་དྲག་སྤྱོད་པས་མི་༡༢༠ལྷག་བསད་ཡོད་པ།


2015.11.14
ཕ་རན་སིའི་ནང་འཇིགས་སྐུལ་དྲག་སྤྱོད་པས་མི་༡༢༠ལྷག་བསད་ཡོད་པ། ཕ་རན་སིའི་རྒྱལ་ས་པེ་རིསིའི་ནང་འཇིགས་སྐུལ་དྲག་སྤྱོད་པས་དྲག་སྤྱོད་ཀྱི་དོན་རྐྱེན་བརྩམས་ཤིང་མི་གྲངས་༡༢༠་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ།
ཨེ་ཨེཕ་པི།

༄༅། །ཉེ་ཆར་ཕ་རན་སིའི་རྒྱལ་ས་པེ་རིསིའི་ས་གནས་ཁག་ཏུ་འཇིགས་སྐུལ་དྲག་སྤྱོད་པས་དྲག་སྤྱོད་ཀྱི་དོན་རྐྱེན་བརྩམས་ཤིང་མི་གྲངས་༡༢༠་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་དེ་ཐོན་རྗེས། རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་བིང་ནས། རྒྱ་ནག་ཕྱོགས་ནས་ཕ་རན་སི་དང་མཉམ་དུ་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་་གཏོང་འདོད་ཡོད་པར་བརྗོད་འདུག
དེའང་ཁ་ས་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་བིང་ནས་ཕ་རན་སིའི་སྲིད་འཛིན་ Fracois Hollande ལ་ཞལ་པར་ཕུལ་ཞིང་། ཞལ་པར་ཐོག་ཞིའི་ཅིང་བིང་ནས་། རྒྱ་ནག་ཕྱོགས་ནས་ཕ་རན་སི་དང་རྒྱལ་སྤྱིའི་སྤྱི་ཚོགས་མཉམ་དུ་བདེ་འཇགས་ཐོག་ཤུགས་སྣོན་རྒྱག་རྒྱུ་དང་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པར་རྒོལ་རྡུང་གཏོང་འདོད་ཡོད་པར་བརྗོད་ཡོད་པ་མ་ཟད་། ད་དུང་རྒྱ་ནག་ཕྱི་འབྲེལ་ལས་ཁང་གི་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་བིང་ནས་ཕ་རན་སིའི་སྲིད་འཛིན་ Fracois Hollande ལ་ཞལ་པར་གནང་སྐབས།  ཁ་སངས་རེས་གཟའ་པ་སངས་ཉིན་གྱི་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་བྱ་སྤྱོད་ལ་ཁ་བརྡུངས་བཏང་གནང་ཞིང་། དོན་རྐྱེན་ཐོག་རྐྱེན་འདས་སུ་ཕྱིན་པའི་མི་ཚོར་མྱང་ངན་དང་ཁོང་ཚོའི་ནང་མི་བུ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་འཚམས་འདྲི་ཞུས་ཡོད་པ་རེད་འདུག  ཡང་སྤྱི་ཚེས་༡༤ཉིན་པེ་རིསིའི་ཞིབ་དཔྱོད་ཁང་གི་དཔོན་རིགས་ཤིག་ནས་། རེས་གཟའ་པ་སངས་ཉིན་གྱི་དགོངས་དྲོ་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་ཆུང་གསུམ་ནས་པེ་རིསིའི་་གཏོར་རྒོལ་གྱི་བྱ་སྤྱོད་དེ་སྤེལ་ཡོད་པ་དང་། གཏོར་རྒོལ་གྱི་བྱ་སྤྱོད་དེའི་ཁྲོད་ཁྱོན་མི་༡༢༩རྐྱེན་འདས་སུ་ཕྱིན་ཞིང་། དེ་མིན་མི་༣༥༠ཐམས་པར་རྨས་སྐྱོན་བཏང་ཡོད་པར་གསུངས་འདུག་ལ། འཇིགས་སྐུལ་དྲག་སྤྱོད་པས་པེ་རིསི་གྲོང་ཁྱེར་ནང་ཡོད་པའི་ཟ་ཁང་གཅིག་དང་། ཆང་ཁང་གཅིག  རོལ་དབྱངས་གཏོང་ས་གཅིག ལུས་རྩལ་ཐང་ཆེན་གཅིག་བཅས་ཚུད་པའི་ས་གནས་ཁག་ཁ་ཤས་ཤིག་གི་ནང་སྟུད་མར་གཏོར་རྒོལ་གྱི་དོན་རྐྱེན་བརྩམས་ཡོད་པ་དང་། ཉེན་རྟོག་པས་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་མཁན་མི་བདུན་བསད་ཡོད་པ་དང་། དེ་མིན་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པར་དྭོགས་པའི་མི་གསུམ་ཁ་ས་རེས་གཟའ་སྤེནཔའི་ཉིན་འཛིན་བཟུང་བྱེད་ཐུབ་ཡོད་པ་རེད་འདུག།

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎