ཐའེ་ལྦན་སྲིད་འཛིན་སྐུ་གཞོན་ཟུར་པས་སྲིད་འཛིན་ལ་སྐྱོན་བརྗོད།

ཐའེ་ལྦན་གྱི་སྲིད་འཛིན་སྐུ་གཞོན་ཟུར་པས་སྲིད་འཛིན་མཱ་དབྱིང་ཅོ་ཡིས་རྒྱ་ནག་ལྷན་འབྲེལ་ལམ་གྱི་སྲིད་ཇུས་ལ་སྐྱོན་བརྗོད་གནང་ཡོད་པ་རེད།

2009.12.01

༄༅༎ཐའེ་ལྦན་གྱི་སྲིད་འཛིན་སྐུ་གཞོན་ཟུར་པ་ལྕམ་ལེའུ་ཤུའུ་ལན་གྱིས་ཐའེ་ལྦན་སྲིད་འཛིན་མཱ་དབྱིང་ཅོ་ཡིས་རྒྱ་ནག་གི་ལྷན་དུ་འབྲེལ་ལམ་དམ་དུ་གཏོང་བའི་སྲིད་ཇུས་ལ་སྐྱོན་བརྗོད་གནང་ཡོད་པ་རེད། དེ་རིང་རེས་གཟའ་མིག་དམར་ཉིན་ལྕམ་ལེའུ་ཤུའུ་ལན་གྱིས་རྒྱལ་ས་ཐའེ་ཕེ་དུ་གསར་འགོད་ལྷན་ཚོགས་ཐོག་བཀའ་མོལ་གནང་སྐབས། ཁོང་གིས་ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པའི་ལངས་ཕྱོགས་འཛིན་པའི་ཐོག་ནས་སྲིད་འཛིན་མཱ་དབྱིང་ཅོ་ཡི་གཞུང་གིས་རྒྱ་ནག་གི་ལྷན་དུ་དཔལ་འབྱོར་གྱི་ཐོག་ནས་འབྲེལ་ལམ་ཐག་ཉེ་རུ་གཏོང་བའི་སྲིད་ཇུས་དང་ལྷག་པར་དུ་ཉེ་ཆར་ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་ལྷན་དུ་དཔལ་འབྱོར་མཉམ་ལས་བྱ་རྒྱུའི་གྲོས་འཆམ་བྱུང་བའི་གནས་སྟངས་ལ་སྐྱོན་བརྗོད་གནང་སྟེ། ང་ཚོ་དམངས་གཙོ་ཡར་རྒྱས་ཚོགས་པའི་ངོས་ནས། སྲིད་འཛིན་མཱ་དབྱིང་ཅོ་ཡིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་ཧ་ཅང་གི་བློ་འཚབ་ཡོད་ཅེས་གསུངས་ཡོད་པ་རེད། ལྕམ་ལེའུ་ཤུའུ་ལན་གྱི་ཆབ་སྲིད་ཀྱི་ཚོགས་པ་ནི་ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པ་ཡིན་པ་དང་ཚོགས་པའི་ངོ་བོ་ནི་ཐའེ་ལྦན་རང་བཙན་འཐབ་རྩོད་གནང་མཁན་ཞིག་ཡིན་ཞིང་དེ་སྔ་ཕྱི་ལོ་༢༠༠༠ནས་༢༠༠༨བར་སྲིད་འཛིན་ཟུར་པ་ཁྲེན་ཧྲུའུ་བེན་གྱི་ལྷན་དུ་ཐའེ་ལྦན་རང་བཙན་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུའི་འབད་བརྩོན་བྱས་ཏེ་རྒྱ་ནག་དང་ཐའེ་ལྦན་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པར་སོང། ད་རེས་གསར་འགོད་པས་ཟུར་དུ་ལྕམ་ལེའུ་ཤུའུ་ལན་ལ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་མེད་བཀའ་འདྲི་ཞུས་ཏེ་གསར་འགྱུར་བརྒྱུད་ལམ་ཁག་ཚོས་གནད་དོན་དེའི་ཐོག་ལན་འདེབས་ཇི་ལྟར་བྱ་མིན་གྱི་དོ་སྣང་ཆེན་པོ་བྱས་ཡོད་ཀྱང་ཁོང་གིས་དེའི་ཐོག་ལ་ལན་འདེབས་གང་ཡང་གནང་མེད་པ་རེད། ད་རེས་ལྕམ་ལེའུ་ཤུའུ་ལན་གྱིས་ཐའེ་ལྦན་གཞུང་ལ་སྐྱོན་བརྗོད་གནང་བའི་གནས་ཚུལ་དེ་ནི་རེས་གཟའ་སྤེན་པའི་ཉིན་ཐའེ་ལྦན་ནང་གྲོང་ཁྱེར་སྤྱི་ཁྱབ་དང་ས་གནས་གྲོས་ཚོགས་དང་ས་གནས་ཀྱི་འགོ་ཁྲིད་རིམ་པའི་འོས་བསྡུའི་ལས་དོན་སྤེལ་གྱི་ཡོད་པར་བརྟེན་གལ་ཏེ་ད་རེས་ཀྱི་ས་གནས་འོས་བསྡུ་དེ་དག་ནང་ཁོང་གི་དམངས་གཙོ་ཡར་རྒྱས་ཚོགས་པར་རྒྱལ་ཁ་ཐོབ་པ་ཡིན་ཚེ་མ་འོངས་པར་དམངས་གཙོ་ཡར་རྒྱས་ཚོགས་པར་བསྐྱར་ཏུ་སྲིད་འཛིན་གྱི་རྒྱལ་ཁ་འཐོབ་རྒྱུའི་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎