བཀའ་ཁྲིས་ནོ་བེལ་གཟེངས་རྟགས་བཞེས་མཁན་མཇལ་འཕྲད།

བཀའ་ཁྲི་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཁག་ཅིག་དང་མཇལ་འཛོམས་ཀྱིས་ཐུགས་རྗེ་ཆེ་ཞུས་གནང་འདུག

2012.04.27

༄༅༎བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་མཆོག་གིས་རེས་གཟའ་ཕུར་བུར་ཉིན་ཨ་རིའི་གྲོང་ཁྱེར་ཆི་ཁ་གོ་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཁག་ཅིག་དང་མཇལ་འཛོམས་ཀྱིས་ཁོང་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
དེ་ཡང་ཨ་རིའི་གྲོང་ཁྱེར་ཆི་ཁ་གོ་དུ་འཛམ་གླིང་གི་མཚན་སྙན་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ལྷན་ཚོགས་ཐེངས་༡༢ པ་སྐོང་ཚོགས་གནང་བའི་ཐོག་བཀའ་བློན་ཁྲི་པ་མཆོག་གིས། ལྷོ་ཨ་ཕེ་རི་ཀིའི་སྲིད་འཛིན་ཟུར་པ་དང༌། འཁོར་ཡུག་སྲུང་སྐྱོབ་ཐོག་ལ་དུས་ཡུན་རིང་པོ་ཕྱག་ལས་གནང་མཁན་སྐུ་ཞབས་ཌི་ཀ་ལཀ་མཆོག་དང་ཚོུད་ཕྱེད་ཀ་རིང་མཇལ་འཛོམས་གནང་བ་དང༌། དེ་ནས་ཨ་མི་རི་ཀ་བ་ལྕམ་ཇོ་ཌི་ལྦི་ལི་ཡེམ་སི་དང༌། ཨི་རན་ནས་ཡིན་པ་ལྕམ་ཤི་རིན་ཨེ་སྦ་ཌི་དང་དུས་ཡུན་སྐར་ཆ་༤༥ རིང་མཇལ་འཛོམས་གནང་སྟེ། ཉེ་ཆར་ཞི་བདེའི་དབུ་ཁྲིད་ཁོང་རྣམ་པས་རྒྱ་ནག་གཞུང་ལ། བོད་ཀྱི་དཀའ་རྙོགས་སེལ་ཐབས་སུ་༧གོང་ས་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་དང་གྲོས་མོལ་བྱ་དགོས་པའི་དགོས་འདུན་བཏོན་པའི་སྙན་ཞུ་ཞིག་ཕུལ་ཡོད་པ་བརྟེན་ནས། ཁོང་རྣམས་ཀྱིས་བོད་དོན རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ཞུས་པ་ཞིག་ཡིན་ཞིང༌། ད་དུང་བཀའ་ཁྲི་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༡༡ ལོའི་ཕྱི་ཟླ་བརྒྱད་པའི་ནང་ཆབ་སྲིད་ཀྱི་སྐུ་དབང་མི་དམངས་ལ་རྩིས་སྤྲོད་གནང་བ་སོགས་བཙན་བྱོལ་སྤྱི་ཚོགས་ནང་གི་དམངས་གཙོའི་འཕེལ་རིམ་དང་ཆབ་སྲིད་ཀྱི་འཕོ་འགྱུར་བྱུང་རིམ་དང༌། ལྷག་དོན་བོད་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་བཟོད་ཐབས་བྲལ་ཏེ་ངོ་རྒོལ་ཆེད་དུ་རང་ལུས་མེ་བསྲེག་རིམ་པ་བཞིན་བཏང་བའི་ཛ་དྲག་གི་གནས་སྟངས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་རེད།  སྐབས་དེར་ཞི་བདེའི་དབུ་ཁྲིད་རྣམ་པས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་བསྒྱུར་བཅོས་ཆེན་པོ་གཏོང་གནང་མཛད་པ་དེ་ནི་ཆེས་གཟི་བརྗིད་ལྡན་པ་ཞིག་ཡིན་པ་མ་ཟད། ཕུགས་ལ་བོད་མི་ཚོར་ཕན་ཐོགས་ཡོད་པའི་བསྔགས་བརྗོད་ཞུས་གནང་བ་མ་ཟད། བོད་ནང་གི་ཡ་ང་བའི་གནས་སྟངས་ལའང་གདུང་སེམས་ཉམས་བསྐྱེད་མཚོན་དོན་བོད་ཀྱི་དཀའ་རྙོགས་ཞི་བའི་ཐབས་ལམ་ནས་སེལ་རྒྱུར་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་གི་ཡིན་ཞེས་ཞལ་བཞེས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎