རྒྱ་གར་སྲིད་བློན་གཞོན་པ་ཟུར་པས་བོད་དེབ་དབུ་འབྱེད་གནང་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་ཨརྡ་ལྦ་ནི་མཆོག་གིས་བོད་ཀྱི་སྐོར་དེབ་ཅིག་དབུ་འབྱེད་གནང་འདུག

2008.10.11

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་དང་དེང་རྒྱ་གར་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལལ་ཀིརིཤ་ན་ཨརྡ་ལྦ་ནི་མཆོག་གིས་བོད་ཀྱི་སྐོར་དེབ་ཅིག་དབུ་འབྱེད་གནང་འདུག

བོད་ཀྱི་ཞི་བདེ་བག་ཕེབས་གནས་སྐབས་ནས་ཟིང་འཁྲུག་བར་གྱི་ལོ་རྒྱུས་ཀྱི་དེབ་ཅིག་རྒྱ་གར་བ་རྩོམ་པ་པོ་སུཀ་རྡ་ཀར་རཇེ་དང་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་རྒྱ་གར་བ་རྩོམ་པ་པོ་ལྦི་ཇེ་ཀ་རན་ཏི་བཅས་ཀྱིས་བརྩམས་གནང་ཡོད་ཅིང་དེབ་དེའི་ནང་བོད་ཀྱི་རྒྱལ་རབས་དང་རྒྱ་གར་དང་བོད་ཀྱི་འབྲེལ་བ།དེང་དུས་བོད་བཅས་ས་བཅད་གསུམ་དུ་ཕྱེ་སྟེ་རྩོམ་བྲིས་གནང་ཡོད་པ་རེད་ བོད་ཀྱི་སྐོར་དེབ་དེའི་དབུ་འབྱེད་མཛད་སྒོར་རྡ་པ་ཡོ་ནིཡར་ཞེས་པའི་གསར་ཤོག་གི་རྩོམ་སྒྲིག་པ་ཅཱན་རྡན་མི་ཏྲ་ཡིས་སྐུ་མགྲོན་གཙོ་བོ་གནང་ཞིང་སྐབས་དེར་དེབ་གཞན་གཉིས་ཀྱང་དབུ་འབྱེད་གནང་ཡོད་པ་རེད་ གོང་ཞུས་དེབ་གསུམ་འགྲེམས་སྤེལ་བྱེད་པོ་ནི་ཨིན་ཌི་ཡ་ཕ་སེ་ཞེས་རྒྱལ་ཞེན་ཐེབས་རྩ་ཚོགས་པ་ཞིག་ཡིན་པ་རེད་ རྒྱ་གར་བ་རྩོམ་པ་པོ་ལྦི་ཇེ་ཀ་རན་ཏི་ཡིས་བོད་ས་ཡོངས་རྫོགས་རྒྱ་ནག་གིས་དབང་བསྒྱུར་བྱེད་པའི་སྐབས་ཀྱི་རྒྱ་གར་གྱི་སྲིད་བློན་པན་ཌིཏ་ཇ་ལྦ་ཧལ་ནེ་རུའུ་མཆོག་གིས་ནོར་འཁྲུལ་ཚབས་ཆེ་ཤོར་བ་ཐེར་བཏོན་གནང་བ་དང་ཆབས་ཅིག་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ལས་དོན་རླབས་པོ་ཆེའི་ཆེད་རྒྱ་གར་གཞུང་མང་གཉིས་བོད་མིར་བཀའ་དྲིན་ཆེན་པོ་ཡིན་པ་ཡང་གསལ་བཏོན་གནང་ཡོད་པ་རེད་ ཡང་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གིས་དེབ་དེའི་ནང་བོད་ནང་དེང་གི་གནས་སྟངས་ཇི་ཡོད་གསལ་བཀོད་གནང་ཡོད་པ་མ་ཟད་རྒྱ་གར་གྱིས་བོད་མིར་བཀའ་དྲིན་ཆེན་པོ་བསྐྱངས་པར་བོད་མི་རྣམས་ཀྱིས་བཀའ་དྲིན་སྙིང་བཅང་ཞུ་བཞིན་ཡོད་པ་གསལ་བཏོན་གནང་ཡོད་ལུགས་འགྲེལ་བརྗོད་གནང་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྲིད་སྐྱོང་གཞོན་པས་གཙོས་གནད་ཡོད་མི་སྣ་དུ་མ་མཛད་སྒོ་དེར་ཚོགས་བཞུགས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎