རྒྱ་གར་གྱི་སྲིད་བློན་རྣམ་པ་བོད་ཀྱི་གནད་དོན་ཐད་རྒྱ་ནག་ལ་བློ་འཁུམས་ནས་བཞུཊ་སྐོར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པས་གསུངས་འདུག
དེ་ཡང་འདི་ཟླའི་ཚེས་༡་ཉིན་Indian Expressཞེས་རྒྱ་གར་གྱི་ཉིན་རེའི་གསར་ཤོག་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་། Samajwati སྲིད་དོན་ཚོཌ་པའི་དབུ་ཁྲིད་Mulayam Singh Yadavམཆོག་མངའ་སྡེ་Uttar Pradeshཡི་གྲོང་ཁྱེར་Faizabad ནང་འོས་བསྡུའི་ལས་འགུལ་སྤེལ་སྐབས་རྒྱ་གར་གྱི་སྲིད་བློན་རིམ་པ་མང་པོ་བྱུང་བ་རྣམས་བློ་སྟོབས་ཞན་པའི་རྐྱེན་གྱིས་རྒྱ་ནག་གི་ཁ་གཏད་དུ་བོད་ཀྱི་གནད་དོན་དང་འབྲེལ་བའི་རྒྱ་གར་གྱི་ཐབས་ཇུས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་མེད་ཅེས་དང་། ཡང་ཁོང་གིས་རྒྱ་གར་གཞུང་འཛིན་པས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་མ་ཐུབ་པའི་རྐྱེན་གྱིས་རྒྱ་གར་དཀའ་སྡུག་མྱང་ཡོད་སྐོར་དང་། ད་ཆ་རྒྱ་ནག་གིས་རྒྱ་གར་གྱི་ས་ཁུལ་ཡང་བསྐྱར་ཟ་འདོད་བྱེད་ཀྱི་ཡོད་པ་རེད། དོན་དངོས་ཐོག་རྒྱ་གར་ལ་ཉེན་ཁ་ཆེ་ཤོས་བཟོ་མཁན་དེ་རྒྱ་ནག་ཡིན་ན་ཡང་ང་ཚོའི་གཞུང་གིས་དངོས་བདེན་གནས་ཚུལ་དེ་ཤེས་རྟོགས་བྱུང་མེད་ལུཊ་ཀྱང་གསུངས་འདུག ད་དུང་ Mulayam Singh Yadav མཆོག་གིས་རྒྱ་གར་གྱི་སྲིད་བློན་དང་པོ་Jawaharlal Nehruམཆོག་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ངོས་ལེན་གནང་མིན་ལ་མ་ལྟོས་པར་རྒྱ་ནག་གིས་ཁོང་ལ་མགོ་སྐོར་བཏང་བར་བརྟེན་སྐབས་དེར་ནེཧེ་རུ་མཆོག་ལ་ནད་གཞི་གང་ཡང་མེད་ན་ཡང་རྒྱ་ནག་གིས་མགོ་སྐོར་བསླུ་བྲིད་བྱས་པའི་རྐྱེན་གྱིས་ཁོང་དྲན་པ་ཐོར་ནས་འདས་གྲོངས་སུ་གྱུར་པ་རེད་ཅེས་སོཊ་གསུངས་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།
བོད་ཀྱི་གནད་དོན་ཐད་རྒྱ་ནག་ལ་བློ་འཁུམས་ཡོད་པ་གསུངས་འདུག
