རྒྱ་གར་ནང་ཆུ་ལོག་གི་གནོད་འཚེ་ཕོག་ཁུལ་ལ་བོད་མི་ཚོས་རོགས་རམ།

རྒྱ་གར་ལྷོ་ཕྱོགས་སུ་ཆུ་ལོག་གི་གནོད་འཚེ་ཕོག་ཁུལ་ལ་བོད་མི་ཚོས་རོགས་རམ། ༢༠༡༩།༨
རྒྱ་གར་ལྷོ་ཕྱོགས་སུ་ཆུ་ལོག་གི་གནོད་འཚེ་ཕོག་ཁུལ་ལ་བོད་མི་ཚོས་རོགས་རམ། ༢༠༡༩།༨ (པདྨ་དངོས་གྲུབ།/RFA)

0:00 / 0:00

རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ནང་གི་ཆུ་ལོག་གི་གནོད་འཚེ་ཕོག་ཁུལ་ལ་བོད་མི་བཙན་བྱོལ་བ་ཚོས་རོགས་རམ་གནང་བཞིན་འདུག
དེ་ཡང་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་(Kerala)མངའ་སྡེའི་ནང་འདས་པའི་ཉིན་གྲངས་བཅུ་ཙམ་རིང་ཆར་པ་བསྟུད་མར་བབས་ཏེ་ཆུ་ལོག་གི་རྐྱེན་པས་མི་གྲངས་ ༣༧༣ ལྷག་རྐྱེན་འདས་སུ་གྱུར་འདུག་པ་དང་། ཡུལ་མི་འབུམ་ཕྲག་བརྒལ་བའི་སྡོད་ཁང་ལ་སྐྱོན་ཆགས་བྱུང་བ་སོགས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། མི་འབོར་ས་ཡ་༡དང་འབུམ་གཉིས་ལྷག་ཙམ་མྱུར་སྐྱོབ་གསོག་སྒར་དུ་གནས་ཤིང་མངའ་སྡེ་དེའི་ནང་ཕྱོགས་གང་ས་ནས་ངལ་སེལ་མྱུར་སྐྱོབ་ཀྱི་མཐུན་འགྱུར་བྱེད་བཞིན་ཡོད་པ་ལྟར། ཉེ་འཁོར་གྱི་བོད་མིའི་གཞིས་ཆགས་ཁག་ནས་ཀྱང་མྱུར་སྐྱོབ་ཀྱི་ཞབས་ཞུ་བསྒྲུབ་བཞིན་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཚན་ཐོག་ཐུགས་གསོའི་ཕྱག་བྲིས་སྩལ་བ་དང་། ཏཱ་ལའི་བླ་མའི་ཐེབས་རྩ་ནས་ངལ་སེལ་ཆེད་ཞལ་འདེབས་གསོལ་སྩལ་གནང་རྒྱུ་ཡིན་འདུག
རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་གཞན་ཁག་གི་ནང་ལ་ཡང་ཆར་ཆུ་བབས་དྲག་པའི་རྐྱེན་གྱིས་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། དེའི་ཁོངས་ནས་་(Bylakuppe)གཞིས་ཆགས་ཀྱི་ཉེ་འཁོར་ (Kodagu)དང་(Koppa)རྗོང་གི་ཁྱབ་ཁོངས་(Suntikoppa)ནང་(Kaveri)གཙང་པོ་རྒྱུད་དུ་ཡོད་པའི་ས་གནས་ཀྱི་ཡུལ་མི་༡༣༠༠ ལྷག་ལ་སྡོད་གནས་སོགས་ཀྱིས་དཀའ་ངལ་འཕྲད་བཞིན་ཡོད་སྟབས་ས་གནས་བོད་མིའི་གཞིས་ཆགས་ཀྱི་གྲོང་སྡེ་ཁག་དང་དགོན་སྡེ་ཁག་ནས་ཞལ་འདེབས་བསྡུ་རུབ་གནང་སྟེ་ (Kerala)མངའ་སྡེའི་ནང་ཆུ་ལོག་གི་གོད་ཆགས་ཕོག་མཁན་ཚོར་བགོ་འགྲེམས་གནང་རྒྱུ་ཡིན་འདུག་ཅིང་། སྦེལ་ཀོབ་ས་གནས་སུ་ཡོད་པའི་དགོན་སྡེ་གྲྭ་ཚང་ཁག་གཙོ་བོར་བྱས་པའི་བོད་མི་ཚོས་འབྱུང་བའི་གནོད་འཚེ་ཕོག་པའི་ཡུལ་མི་ཚོར་ཟས་གོས་དང་ཉལ་ཆས་སོགས་ཀྱི་རོགས་གནང་འདུག
དེ་བཞིན་ཚེས་༢༡ཉིན་སེར་བྱེས་གྲ་ཚང་གིི་ཕྱག་མཛོད་ཁང་གི་གོ་བསྒྲིགས་འོག་གྲྭ་ཚང་གི་འཛིན་གྲ་༡༣དང་སློབ་གྲྭ་བཅས་ཐུན་མོང་གི་ཐོག་ནས་(Bylakuppe)གཞིས་ཆགས་ནས་རྒྱང་ཐག་ཀི་ལོ་མི་ཀྲར་བཞི་བཅུ་ཞེ་གྲངས་སུ་གནས་པའི་(Marikiri) རྒྱ་གར་ཡུལ་མི་ཆུ་ལོག་གི་གནོད་འཚེ་ཕོག་པ་རྣམས་ལ་ངལ་སེལ་རོགས་སྐྱོར་གྱི་ཆེད་དངོས་ཆས་འདྲ་མིན་འགྲེམས་སྤེལ་གནང་འདུག རྒྱ་གར་དབུས་གཞུང་ནས་(Kerala)མངའ་སྡེའི་ནང་འཕྲད་བཞིན་པའི་ཆུའི་འཇིགས་པ་དེ་ཚབས་ཆེའི་རྐྱེན་ངན་ཞིག་ལ་ངོས་འཛིན་གསལ་བསྒྲགས་གནང་ཡོད་ཅིང་ (Kerala)མངའ་སྡེ་གཞུང་ནས་ཆུའི་འཇིགས་པའི་ངལ་སེལ་མྱུར་སྐྱོབ་ཆེད་དབུས་ནས་ཧིན་སྒོར་Crore༢༦༠༠འི་རོགས་དངུལ་འབོད་སྐུལ་ཞུས་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།