རྒྱ་གར་དང་བལ་ཡུལ་ནང་ཆུ་ལོག

ཉེ་ལམ་རྒྱ་གར་དང་བལ་ཡུལ་ནང་ཆར་ཞོད་ཆེ་བས་ཆུ་ལོག་དང་ས་རུད་ཀྱི་དཀའ་ངལ་འཕྲད་བཞིན་པ།

ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་ཆུ་ལག་བརྒྱབ་པ། དབྱངས་སྒྲོལ།

༄༅༎རྒྱ་གར་བྱང་ཕྱོགས་དང་ཁྱིམ་མཚེས་བལ་ཡུལ་ལན་དབྱར་དུས་ཆུ་ལོག་གི་རྐྱེན་ངན་ནང་ཡུལ་མིན་༡༦༠ལྷག་གི་ཚེ་སྲོག་ཤོར་ཡོད་འདུག
ཆུ་ལོག་དང་ས་རུད་ཀྱི་རྐྱེན་ནང་ལྷུང་པའི་ཧིན་དུའི་གནས་སྐོར་བ་སྟོང་ཕྲག་མང་པོ་མྱུར་སྐྱོབ་རུ་ཁག་གིས་གནས་སྤོ་དང་ཐད་འཕུར་གནམ་གྲུའི་ཐོག་ནས་ཛ་དྲག་གི་མཁོ་ཆས་སྤྲོད་ཀྱི་ཡོད་འདུག   སྲིད་བློན་མན་མོ་ཧན་སིངྷ་མཆོག་གིས་གལ་ཆེས་ཤོས་འབྱུང་བའི་རྐྱེན་ངན་ནང་ཚུད་པ་རྣམས་ལ་རོགས་སྐྱོར་གནང་དགོས་ལུགས་གསུངས་གནང་འདུག ཨུ་ཏྟར་ཁནྜ་(Uttarakhand) མངའ་སྡེའི་ནང་ནམ་རྒྱུན་ལས་འཆར་ཞོད་ལྡབ་གསུམ་མང་པ་བབ་ནས་མི་རྒྱུ་གཉིས་པ་གོད་ཆགས་ཆེན་པོ་བྱུང་ཡོད་པར་ལྟར་ངལ་སེལ་རོགས་སྐྱོར་ཨ་རིའི་ཌོ་ལར་ས་ཡ་༡༧༠ཐམ་པགནང་རྒྱུ་ཡིན་སྐོར་སྲིང་བློན་མན་མོ་ཧན་སིངྒ་མཆོག་གིས་གསུངས་གནང་འདུག ཁྱིམ་མཚེས་བལ་ཡུལ་གྱི་ཕྱོགས་སུ་ཐེངས་འདིའི་རྐྱེན་ནང་ནང་ཡུལ་མི་༢༢ཀྱི་ཚེ་སྲོག་ཤོར་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org