མཚོ་སྔོན་པོ་སྲུང་སྐྱོབ་ཀྱི་འགན་འཁུར་ལེན་བྱེད་ཀྱི་མི་འདུག་ཟེར།


2014.05.06
ས་གནས་བོད་མི་ཚོས་ས་དོང་ལ་སྦས་བའི་ཉ་རུལ་བ་བཏོན་བཞིན་པ། ༢༠༡༤།༤ ས་གནས་བོད་མི་ཚོས་ས་དོང་ལ་སྦས་བའི་ཉ་རུལ་བ་བཏོན་བཞིན་པ། ༢༠༡༤།༤
པར། བོད་འབྱོར།

རྒྱ་རིགས་ཚོས་མཚོ་སྔོན་པོའི་ཉ་བཟུང་ནས་ས་དོང་ལ་སྦས་རྐྱེན་ས་གནས་བོད་མིའི་སྒོ་ཕྱུགས་མི་ཉུང་བ་ཤི་བ་སོཊ་ཀྱི་དཀའ་ངལ་འཕྲད་བཞིན་པ་རེད།

མཚོ་སྔོན་ཕྱོགས་ཀྱི་རྒྱ་རིགས་ཚོས་མཚོ་སྔོན་པོའི་ནང་གི་ཉ་མང་པོ་གསང་བའི་ཐོག་བཟུང་ནས་དཔལ་འབྱོར་འཚོལ་ཐབས་བྱེད་བཞིན་པ་དང་། ཉེ་ཆར་རྒྱ་རིགས་ཚོས་མཚོ་སྔོན་པོ་ནས་བཟུང་བའི་ཉ་མང་པོ་བཙོང་མ་ཐུབ་པར་རུལ་བར་བརྟེན་ས་དོང་ནང་སྦས་ཡོད་པ་དེ་ས་གནས་བོད་མིའི་སྒོ་ཕྱུགས་སེམས་ཅན་གྱིས་བཟས་རྐྱེན་མཚོ་སྔོན་པོའི་ཉེ་འགྲམ་དཀར་ལྷ་སྡེ་བའི་ས་གནས་བོད་མིའི་སྒོ་ཕྱུགས་སེམས་ཅན་མང་པོ་ཤི་བའི་གནས་ཚུལ་བྱུང་འདུག དེའི་སྐོར་ཟླ་སྔོན་མའི་ཚེས༡༠ཉིན་དཀར་ལྷ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པར་ཞུ་ཡིག་ཕུལ་བའི་ནང་། དོན་རྐྱེན་དེའི་ཁྲོད་དཀར་ལྷ་སྡེ་བའི་དགྲ་འདུལ་ཚང་དང་། བསམ་གཏན་ཚང་། འཁྲིས་མ་ཚང་། བསོད་ནམས་གྲགས་པ་ཚང་། ཀླུ་བྱམས་ཡག་ཚང་བཅས་ཁྱིམ་ཚང་མི་ཉུང་བའི་ནོར་ལུག་བཅུ་ཕྲག་ཁ་ཤས་ཤི་བའི་གྲངས་ཀ་དང་བཅས་བཀོད་ཡོད་པ་རེད།  དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་དོན། མཚོ་སྔོན་པོ་སྲུང་སྐྱོབ་ལ་ས་གནས་བོད་མི་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། དེའི་ཐད་ས་གནས་བོད་མིས་རེ་བ་ཡང་ཡང་ཞུས་བ་ལྟར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཀྱང་མཚོ་སྔོན་པོའི་ཉ་ལས་དོ་དམ་ལས་ཁུངས་ཆེད་འཛུགས་བྱས་ཡོད་མོད།   འོན་ཀྱང་ཉ་ལས་དོ་དམ་ལས་ཁུངས་སམ། སྲུང་སྐྱོབ་སྡེ་ཁག་བཙུགས་པ་ནི་མིང་ཙམ་ལས་དོན་དངོས་མཚོ་སྔོན་པོ་སྲུང་སྐྱོབ་ཀྱི་འགན་འཁུར་ལེན་བྱེད་ཀྱི་མེད་པའི་གནས་ཚུལ་འདྲ་མིན་བྱུང་བཞིན་པ་ངོ་སྤྲོད་བྱས་བྱུང་།

དཀར་ལྷ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཡར་ཞུ་ཡིག་གེ།
དཀར་ལྷ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཡར་ཞུ་ཡིག་གེ།

མདོ་སྨད་ཡུལ་གྱི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ་ནི་འཛམ་གླིང་ནང་སྙན་གྲགས་ཆེ་ཞིང་མཛེས་སྡུག་ལྡན་པའི་མཚོ་ཞིག་ཡིན་ལ། རྒྱ་ནག་གིས་ལོ་མང་རིང་མཚོ་སྔོན་པོ་ནས་རང་བྱུང་གཏེར་ཚ་བཏོན་པ་དང༌། དུག་རྫས་འདྲ་མིན་ཚོད་ལྟ་བྱེད་སའི་བཟོ་གྲྭ་བཙུགས་པ། སྣུམ་ལྡན་མཚོ་གྲུ་བཏང་བ་སོགས་བྱས་ནས་མཚོ་སྔོན་པོའི་ནང་གི་ཉ་རིགས་དང་བྱ་རིགས་མང་པོར་གནོད་འཚེ་ཚབས་ཆེན་ཕོག་བཞིན་པ་མ་ཟད། ས་གནས་འབྲོག་པ་མང་ཚོགས་ཀྱི་ཕྱུགས་ཟོག་མང་པོ་ཤི་བ་སོགས་ཀྱི་དཀའ་ངལ་འཕར་མ་སྤྲོད་བཞིན་པའི་གནས་ཚུལ་སྔོན་མ་ནས་ཡོད་པ་རེད་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎