རྒྱལ་སྤྱིའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ལྷན་ཚོགས་སྐོར།

རྒྱལ་སྤྱིའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ལྷན་ཚོགས་དེ་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་ཡུལ་གནས་མཆོག་ལུམ་བི་ནིར་ཚུགས་འདུག

2011.11.25

༄༅༎རྒྱལ་སྤྱིའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ལྷན་ཚོགས་ཐེངས་དང་པོ་དེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པའི་ཡུལ་གནས་མཆོག་ལུམ་བི་ནིར་ ཕྱི་ཟླ་ ༡༡ ཚེས་ ༢༢ ནས་ ༢༤ བར་ཚུགས་འདུག།
ལྷན་ཚོགས་དེའི་ཐོག་ དགའ་ལྡན་ཁྲི་པ་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་དབུས་སོག་པོའི་མཁན་པོ་བླ་མ་ཆོས་ཀྱི་རྒྱ་མཚོ་དང་ར་ཤི་ཡའི་མངའ་འོག་ནང་པའི་ཡུལ་གྲུ་ཀལ་མིཀ་ཀྱི་དབུ་བླ་ཏེ་ལོ་རིན་པོ་ཆེ་གཞན་ཡང་ལ་དྭགས་དང་ ཁུ་ནུ་ སྤི་ཏི་ ཟངས་དཀར་ འབྲས་ལྗོངས་ མོན་ བལ་ཡུལ་ཁུལ་གྱི་ནང་པའི་སྐུ་ཚབ་དང་ དེ་བཞིན་མཁན་པོ་དང་བླ་མ་  དགེ་བཤེས་དང་མཁས་དབང་ མི་སྣ་སོགས་མཉམ་ཞུགས་གནང་ཡོད་འདུག།
ཧི་མ་ལ་ཡའི་རི་བརྒྱུད་ནང་པའི་ཡུལ་གྲུ་དེ་དག་ནང་གི་ནང་པ་ཚོ་ནི་དཔལ་ན་ལེན་ཌའི་བཞེད་པ་རྒྱུན་འཛིན་གནང་མཁན་ བོད་བརྒྱུད་ནང་པ་ཤ་སྟག་ཡིན་པ་དང་ ལྷན་ཚོགས་དེའི་ཐོག་ནས་གཏེན་བེབས་གནང་པའི་གྲོས་ཆོད་ཀྱི་ནང་ མི་ཐོག་མང་པོའི་རིང་སྤྱི་ཚོགས་ནས་ཟུར་འབུད་བྱས་པ་དང་ རང་རང་སོའི་རིག་གཞུང་ཉམས་རྒུད་སོང་བ། ཤེས་ཡོན་དང་འཕྲོད་བསྟེན་ འཕེལ་རྒྱས་དང་ སྤྱི་ཚོགས་ཀྱི་ནང་འདྲ་མཉམ་ཐོབ་ཐང་མ་སྤྲད་པ་སོགས་ཀྱི་དཀའ་སྡུག་མྱང་པའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ནང་པའི་ཡུལ་མི་ཚོར་ སྤྱི་ཚོགས་ཀྱི་ནང་འདྲ་མཉམ་གྱི་ཐོབ་ཐང་དགོས་པ་དང་ སོ་སོའི་གནས་ཡུལ་རྒྱལ་ཁབ་དང་ དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གདོད་མའི་མི་རིགས་ཀྱི་ཐོབ་ཐང་གསལ་བསྒྲགས་ཁྲིམས་ཡིག་ཚུད་པའི་ རྒྱལ་སྤྱིའི་ཁྲིམས་ཡིག་མང་དག་ཞིག་གི་ནང་གསལ་བའི་ སོ་སོའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་དབང་གི་ཐོབ་ཐང་ཁག་སླར་གསོ་དགོས་རྒྱུ་གསལ་ཡོད་ཅིང༌།
དེ་བཞིན་མུ་འཐུད་གྲོས་ཆོད་དེའི་ནང་གནས་མཆོག་ལུམ་བི་ནིའི་འཕེལ་རྒྱས་འཛུགས་བསྐྲུན་ལས་གཞི་ཇི་སྙེད་གཅིག་སྤེལ་ཡང་ དེའི་ནང་བལ་ཡུལ་གྱི་ནང་པ་ཚོར་དམིགས་བསལ་འགོ་འཁྲིད་ཀྱི་འོས་འགན་དགོས་པ་དང་ ལྷག་པར་དུ་ལས་དོན་ཚོགས་ཆུང་འདྲ་མིན་གྱི་ནང་བལ་ཡུལ་གྱི་ནང་པའི་འཐུས་ཚབ་མང་བ་དགོས་རྒྱུ་ཡང་འཁོད་ཡོད་པ་རེད།
ཡང་རྒྱལ་སྤྱིའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ནང་པའི་ལྷན་ཚོགས་ཐེངས་དང་པོ་འདིའི་གྲོས་ཆོད་ཀྱི་ནང་ཧི་ལ་མ་ཡའི་རི་རྒྱུད་ཁུལ་དུ་དཔལ་ན་ལེན་ཌའམ་བོད་བརྒྱུད་ནང་བསྟན་གྱི་ཁྱབ་པའི་ས་ཁུལ་གྱི་ནང་ བོད་ཡིག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་དགོས་པ་དང་དགོན་སྡེ་ཁག་ནང་གི་གྲྭ་བཙུན་ཚོར་ཚད་ལྡན་ནང་པའི་གཞུང་ལུགས་ཀྱི་སློབ་གཉེར་སྤྲོད་དགོས་པ་སོགས་འཁོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎