བུད་མེད་དམག་དཔོན་ལ་ལྐོག་ཟ་དང་འབྲེལ་བའི་ཞིབ་བཤེར།
2014.12.04

རྒྱ་ནག་དམག་མིའི་ནང་ཐེངས་དང་པོ་བེུད་དམག་དཔོན་མཐོ་གྲས་ཤིག་ལ་ལྐོག་ཟའི་གནད་དོན་དང་འབྲེལ་བའི་ཞིབ་བཤེར་ཕོག་འདུག
དེ་ཡང་རྒྱ་ནག་གུང་ཁྲན་ཏང་གི་དམག་དོན་སློབ་གྲ་ཆེན་མོ་ཞིག་གི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲུང་ཆེ་བེུད་ཅིག་ལ་ལྐོག་ཟའི་གནད་དོན་དང་འབྲེལ་བའི་སྒོ་ནས་དམག་དོན་ཞིབ་དཔྱོད་ཁང་གིས་བཟུང་འཁྲིད་བྱས་ཏེ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། དེ་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་བེུད་མཐོ་རིམ་དམག་དཔོན་ཞིག་ལ་ཞིབ་བཤེར་ཕོག་པ་ཐེངས་དང་པོ་ཡིན་འདུག་པ་དེ་རིང་ཚེས་༤་ཉིན་BBCཡིས་གནས་ཚུལ་སྤེལ་འདུག ད་རེས་བེུད་དམག་དཔོན་མཐོ་གྲས་དེ་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་ལས་གྲ་སློབ་གྲ་ཆེན་མོའི་ཆབ་སྲིད་འགན་འཛིན་གཞོིན་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེ་ཡིན་པ་ཧྲའོ་ཅང་ཞེས་པའི་དམག་དཔོན་གྱི་གོ་མིང་ཡོད་པའི་ཀའོ་ཤའོ་ཡའན་ཡིན་པ་རེད་འདུག གནས་ཚུལ་ནང་། བེུད་དམག་དཔོན་དེ་བཟུང་ཁྲིད་བྱེད་པའི་ཉིན་མོ་དེར་ཁོང་མོ་གནས་སའི་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སྨན་ཁང་གི་ལས་ཁུངས་ལ་བསྔོག་བཤེར་བྱས་ཡོད་པ་རེད། དེའི་གོང་དུ་བཅིངས་འགྲོལ་དམག་དམག་དོན་ཞིབ་དཔྱོད་ཁང་གིས་རྒྱ་ནག་གུང་ཁྲན་ཏང་གི་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཞུད་ཚའི་ཧའོ་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་དོན་ཐོག་ནས་ཁྲིམས་ཞིབ་བྱས་པ་ནས་བཟུང་རྒྱ་ནག་གི་དམག་དཔུང་གི་ལྐོག་ཟའི་གནད་དོན་ཐད་རྒྱ་ཁྱབ་ཀྱིས་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད།
བཅིངས་འགྲོལ་དམག་གི་ཚགས་པར་གྱིས་དེ་རིང་དཔྱད་བརྗོད་མཁན་གྱི་དཔྱད་རྩོམ་ཞིག་སྤེལ་བའི་ནང་། དམག་མིས་གུང་ཁྲན་རིང་ལུགས་ཀྱི་དད་སེམས་འབོར་བརླག་འགྲོ་བཞིན་པ་དེས་ཆབ་སྲིད་དང་བསམ་བློ་ངོ་འགྱུར། འཚོ་བ་རུལ་སུངས། འཐབ་སེམས་ཉམས་པ་བཅས་ཀྱི་གནས་སྟངས་ཡོང་བཞིན་པར་ཐ་ཚིག་བསྒྲགས་ཡོད་འདུག ད་ལྟའི་མཚམས་སུ་རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་གོང་གསལ་བེུད་དམག་དཔོན་ཀའོ་ཤའོ་ཡའན་ལ་ཞིབ་བཤེར་ཕོག་པའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་གང་ཡང་བྱས་མེད་པ་རེད་འདུག
གསར་འགོད་འཇམ་དཔལ་ཕུན་ཚོགས།