ཕྱི་ལོ་༢༠༡༠འི་ནང་གསར་འགོད་པ་༥༧རྐྱེན་དུ་བཏང་བ།

༢༠༡༠ལོའི་ནང་གསར་འགོད་པ་༥༧བསད་ཡོད་པ་རྒྱལ་མཚམས་མེད་པའི་གསར་འགོད་པ་ཞེས་པའི་ཚོཊ་པ་དེའི་སྙན་ཐོ་ནང་འཁོད་ཡོད་པ།

 ༄༅༎ཕྱི་ལོ་ ༢༠༡༠ ལོ་དེའི་ནང་ཚེ་སྲོག་བཤོར་བའི་གསར་འགོད་པའི་གྲངས་ཚད་དེསྔ་ལོ་ལས་འཕྲན་བུ་ཉུང་བ་ཡིན་པ་ རྒྱལ་མཚམས་མེད་པའི་གསར་འགོད་པ་ཞེས་པའི་ཚོགས་པ་དེས་བཏོན་པའི་ལོ་འཁོར་གྱི་སྙན་ཐོའི་ནང་འཁོད་འདུག

ཕྱི་ལོ་ ༢༠༡༠ ལོ་དེའི་ནང་ཁྱོན་བསྡོམས་གསར་འགོད་པ་ ༥༧ རྐྱེན་ལམ་དུ་བཏང་ཡོད་འདུག་ཅིང་དེའི་ཁོངས་ནས་མང་ཤོས་ པ་ཀིསི་ཐན་དང་ཨི་རཀ མེཀ་སི་ཀོ་བཅས་སུ་བྱུང་ཡོད་པ་དང་དེ་ཡང་གཙོ་བོ་ཉེས་དོན་ཉེས་གསོག་གི་ཚོགས་པ་དང་ཡུལ་དམག་ཚོས་གསར་འགོད་པ་རྐྱེན་འདས་སུ་བཏང་པའི་དོན་རྐྱེན་ཇེ་འཕར་དུདམག་འཐབ་ཀྱི་ནང་འདས་གྲོངས་སུ་གྱུར་པའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་འདུག

ཡང་རྒྱལ་མཚམས་མེད་པའི་གསར་འགོད་པ་ཞེས་པའི་ཚོགས་པ་དེས་སྤེལ་བའི་སྙན་ཐོ་དེའི་ནང་ ༢༠༡༠ ལོ་དེའི་ནང་གསར་འགོད་པ་ ༥༡ བཙན་འཁྲིད་བྱས་པའི་དོན་རྐྱེན་བྱུང་ཞིང་དེ་ནི་ཡུལ་དམག་དང་ཉེས་དོན་ཉེས་གསོག་གི་ཚོགས་སྡེ་ཁག་ནས་གསར་འགོད་པ་བཙན་འཁྲིད་བྱ་རྒྱུ་དེ་ནིཕར་སྤྲོད་ཚུར་ལེན་གྱི་རིན་གོང་བསྡུར་ཚད་བྱ་སྐབས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པར་ཡིད་ཆེས་བྱེད་བཞིན་པ་ལས་བྱུང་བ་ཞིག་ཡིན་པ་བརྗོད་བཞིན་ཡོད་འདུག

༢༠༡༠ ལོ་དེའི་ནང་ རྐྱེན་ལམ་དུ་བཏང་པའི་གསར་འགོད་པའི་གྲངས་ཚད་ ༥༧ དུ་གནས་པ་དེ་ནིལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་ ༢༥ ཙམ་གྱི་ཉུང་བ་ཡིན་འདུག ཕྱི་ལོ་ ༢༠༠༩ ལོ་དེའི་ནང་གསར་འགོད་པ་ ༧༦ རྐྱེན་ལམ་དུ་བཏང་ཡོད་པ་རེད།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org