འདི་ལོའི་འཛམ་གླིང་གི་འབྲས་ཀྱི་ཐོན་སྐྱེད་དེ་བརྒྱ་ཆ་༢ལྷག་འཕར་རྒྱུ།
2008.05.12
༄༅༎ཨེ་ཤི་ཡའི་གླིང་ཆེན་དང་ཨཕཱ་རི་ཀ་ ལྷོ་ཨ་མི་རི་ཀའི་གླིང་ཆེན་ཁག་ནང་ཕྱི་ལོ་ ༢༠༠༨ ལོའི་འབྲས་ཀྱི་ཐོན་བསྐྱེད་དེ་མང་དུ་འགྲོ་རྒྱུ་ཡང་འབྲས་ཀྱི་རིན་གོང་དེ་གནས་སྐབས་ཤིག་གི་རིང་ཆག་རྒྱུ་མིན་སྐོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་བཅའ་དང་སོ་ནམ་ལས་དོན་ཚོགས་པས་གསུང་འདུག ཡིན་ནའང་ཉེ་ཆར་འབར་མའི་ནང་ཆར་རླུང་དྲག་པོ་རྒྱབ་པའི་དབང་གིས་ཡུལ་དེའི་འབྲས་ཀྱི་ཐོན་སྐྱེད་དེ་ཉུང་དུ་འགྲོ་རྒྱུ་ཡིན་སྐོར་རྒྱལ་ཚོགས་ཀྱི་བཟའ་བཅའ་དང་སོ་ནམ་ལས་དོན་ཚོགས་པས་གསུང་འདུག
རྒྱལ་ཚོགས་ཀྱི་བཟའ་བཅའ་དང་སོ་ནམ་ལས་དོན་ཚོགས་པའི་འབྲས་ཀྱི་སྟོན་ཐོག་གནད་དོན་ཐོག་མཁས་པ་ ཀོན་སེབ་ཤིཡོན་ཁེལཱཔེ་ ཡིས་ཕྱི་ལོ་ ༢༠༠༨ ལོའི་འཛམ་གླིང་གི་འབྲས་ཀྱི་ཐོན་སྐྱེད་དེ་བརྒྱ་ཆ་ ༢ དང་གྲངས་ཆུང་ ༣ བར་འཕར་ནས་ཐོན་སྐྱེད་ཀྲོན་ས་ཡ་ ༦༦༦ བར་ཐོན་རྒྱུ་ཡིན་སྐོར་གསུང་འདུག ཡང་འབྲས་ཀྱི་སྟོན་ཏོག་ཐོག་ཞིབ་འཇུག་གནང་མཁན་ རའེསི་མའར་ཀེཊེཝ་མོ་ནི་ཊར་ ཞེས་པའི་ཚོགས་པ་དེས་ཉེ་ཆར་རྒྱལ་སྤྱིའི་ཐོག་འབྲས་ཀྱི་སྟོན་ཏོག་འདེབས་ལས་དེ་རྒྱ་བསྐྱེད་གཏོང་དགོས་པའི་འབོད་བསྐུལ་དང་སེམས་ཤུགས་སྤར་རྒྱུའི་ལས་འཆར་ཁག་གིས་འབྲས་ཀྱི་སྟོན་ཏོག་ཐོན་སྐྱེད་མང་དུ་འགྲོ་བའི་རེ་བ་ཡོད་སྐོར་གསུང་འདུག གོང་ཞུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་བཅའ་དང་སོ་ནམ་ལས་དོན་ཚོགས་པའི་ལྕམ་ ཀོན་སེབ་ཤིཡོན་ཁེལཱཔེ་
ཡིས་འདི་ལོ་ཨེ་ཤི་ཡའི་ནང་འབྲས་ཀྱི་ཐོན་སྐྱེད་དེ་ཀྲོན་ས་ཡ་ ༦༠༠ ལྷག་བརྒལ་རྒྱུ་དང་ཨཕི་རི་ཀའི་ནང་འབྲས་ཀྱི་ཐོན་སྐྱེད་དེ་བརྒྱ་ཆ་ ༣ དང་གྲངས་ཆུང་ ༦ གིས་འཕར་རྒྱུ་དང་དེ་བཞིན་ལྷོ་ཨ་མི་རི་ཀའི་གླིང་ཆེན་ནང་འབྲས་ཀྱི་ཐོན་སྐྱེད་དེ་བརྒྱ་ཆ་ ༧ དང་གྲངས་ཆུང་ ༤ བར་འཕར་རྒྱུ་ཡིན་སྐོར་གསུང་འདུག