ཉི་ཧོང་གི་རྡུལ་ཕྲན་ནུས་ཤུགས་བཟོ་སྐྲུན་ཁང་འགས་ཐོར་བྱུང་བ།

ཉི་ཧོང་ནང་རྡུལ་ཕྲན་ནུས་ཤུགས་བཟོ་བསྐྲུན་ཁང་ཞིག་འགས་འཐོར་དུ་ཕྱིན་ཏེ་ཁོར་ཡུག་ལ་ཉེན་ཚབས་ཤིན་ཏུ་ཆེན་པོ་ཡོང་ཉེན་ཡོད་པ་རེད།

༄༅༎ཉི་འོང་དུ་ས་ཡོམ་འགུལ་ཚད་༨དང་ཚེག་༩་ཅན་བརྒྱབ་རྗེས་མཚོ་རླབས་གཡོས་ཏེ་མི་རྒྱུ་གཉིས་ལ་གཏོར་སྐྱོན་ཤུགས་ཆེ་ཕོག་ཡོད་པ་མ་ཟད། ད་ཆ་རྡུལ་ཕྲན་ནུས་ཤུགས་བཟོ་བསྐྲུན་ཁང་ཞིག་འགས་འཐོར་དུ་ཕྱིན་ཏེ་ཁོར་ཡུག་ལ་ཉེན་ཚབས་ཤིན་ཏུ་ཆེན་པོ་ཡོང་ཉེན་ཡོད་པ་རེད། ཕུ་ཀུ་ཤི་མ་ཞེས་པའི་ས་གནས་ནས་རྡུལ་ཕྲན་ནུས་ཤུགས་བཟོ་སྐྲུན་ཁང་དེ་ནས་དུ་བ་ཤིན་ཏུ་མཐོ་བོར་ཐོན་བཞིན་པ་རེད།

ད་དུང་རྡུལ་ཕྲན་ནུས་ཤུགས་བཟོ་སྐྲུན་ཁང་གཞན་ཞིག་ཏུ་རྡུལ་ཕྲན་བཟོ་བསྐྲུན་ཁང་དེའི་ཚ་ཚད་བཅོག་མ་ཐུབ་པའི་དབང་གིས་གྱང་འདེབས་ལ་སོགས་པ་ བཞུར་བཞིན་པའི་ཉེན་ཚབས་ཀྱི་དཀའ་ངལ་འཕྲད་བཞིན་པ་རེད། ད་བར་རྐྱེན་འདས་སུ་འགྱུར་པའི་གྲངས་འབོར་ཆིག་སྟོང་བདུན་བརྒྱ་ཟིན་ཉེན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག ཕུ་ཀུ་ཤི་མ་ཞེས་པའི་ས་གནས་དེར་ཡོད་པའི་རྡུལ་ཕྲན་ནུས་ཤུགས་བཟོ་བསྐྲུན་ཁང་གི་ཕྱེད་ཚངས་ཐིག་ནས་རྒྱང་ཐག་ཀི་ལོ་མི་ཌར་ཉི་ཤུ་ནང་ཚུད་དུ་གནས་སྡོིད་བྱེད་མི་རྣམས་ཉེན་ཡོལ་དུ་འགྲོ་དགོས་གཞུང་གིས་ཉེན་བརྡ་བཏང་འདུག ས་ཡོམ་བརྒྱབ་པའི་རྗེས་འབྲེལ་མཚོ་རླབས་ཀྱི་མཐོ་ཚད་མི་ཌར་བཅུ་ཙམ་བྱུང་ཡོད་ཅིང་། མཚོ་རླབས་ཀྱིས་ཁང་ཁུངས་སོགས་དེད་ནས་རྒྱུ་དངོས་གཏོར་བརླག་བཏང་བའི་མ་གནས་ཨ་རིའི་ཌོ་ལར་ཐེར་འབུམ་བཅོ་ལྔ་ལྷག་བྱེད་ཉེན་ཡོད་པ་དཔལ་འབྱོར་ཉམས་ཞིབ་པས་གསུངས་གནང་འདུག།