འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་རྒྱབ་སྐྱོར་གནང་རོགས།


2016.11.22
སྲིད་སྐྱོང་མཆོག་དང་བྱང་ཨ་རིའི་དོན་གཅོད་མཆོག་རྣམ་གཉིས་ཀྱིས་ཁ་ན་ཊའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད། ༢༠༡༦།༡༡།༢༢ སྲིད་སྐྱོང་མཆོག་དང་བྱང་ཨ་རིའི་དོན་གཅོད་མཆོག་རྣམ་གཉིས་ཀྱིས་ཁ་ན་ཊའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད། ༢༠༡༦།༡༡།༢༢
Arif Virani Twitter

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཁ་ན་ཊའི་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་རྒྱབ་སྐྱོར་ཡོང་པའི་འབོད་སྐུལ་ཞུས་འདུག
དེ་ཡང་སྲིད་སྐྱོང་མཆོག་གཟའ་འཁོར་འདིའི་ནང་ཁ་ན་ཊའི་རྒྱལ་ས་ཨོ་ཊ་ཝ་Ottawa རུ་གཞུང་འབྲེལ་འཚམས་གཟིགས་བསྐྱང་བཞིན་པའི་ཞོར་དུ། འདི་ཚེས་༢༡་ཉིན། ཁ་ན་ཊའི་ Globe and Mail་གསར་ཁང་གི་བཅའ་འདྲིར་དང་ལེན་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཁ་ན་ཊའི་སྲིད་བློན་Justin Trudeau་ཡི་སྲིད་གཞུང་དེ་ནི་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ནང་ཟླ་གྲོགས་གསལ་པོ་ཞིག་ཡིན་པ་གཟིགས་བཞིན་ཡོད་ཅེས་དང་། སྤྱིར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་མི་རིགས་རིང་ལུགས་དང་མཐར་ལྷུང་རིང་ལུགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ལས། ཕྱི་ལོ་༡༩༩༠་གོ་གྲངས་དང་བསྡུར་བ་ཡིན་ན་རྒྱལ་སྤྱིའི་རིང་ལུགས་དང་གུ་ཡངས་རིང་ལུགས་ཉམས་ཞན་འགྲོ་བཞིན་ཡོད་པ་མཐོང་ཐུབ་བཞིན་ཡོད་ཅིང་། དཔེར་ན་དབྱིན་ཡུལ་ཡོ་རོབ་སྒྲིག་འཛུགས་ནས་ཕྱིར་འཐེན་བྱས་པ་དང་། ཨ་རིའི་སྲིད་འཛིན་Donald Trump་གཅིག་པུ་མ་ཡིན་པ། Philippines་གི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན། དེ་བཞིན་Isreal་བཅས་པ་ནས་རྟོགས་ཐུབ་བཞིན་ཡོད་པ་རེད། ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཐད་ལ་ང་ཚོ་བོད་མི་ཚོ་ནི་རྒྱལ་སྤྱིའི་རིང་ལུགས་དང་གུ་ཡངས་རིང་ལུགས་ཀྱི་ལངས་ཕྱོགས་འཛིན་བཞིན་ཡོད་ཅེས་གསུངས་འདུག
ཡང་སྲིད་སྐྱོང་མཆོག་གིས། ཨ་རིའི་གཞུང་ནས་བོད་ཀྱི་དབུ་མའི་ལམ་ཀྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་ལྟར། ཁ་ན་ཊའི་གཞུང་གིས་ཀྱང་དེ་ལྟར་རྒྱབ་སྐྱོར་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་སྐོར་དང་།  ཁ་ན་ཊས་Quebec་ནང་གི་གྲངས་ཉུང་མི་རིགས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཉམས་མྱོང་དེ་མིག་དཔེར་བཞག་ཏེ། རྒྱ་ནག་གི་མཉམ་བོད་དོན་སྐོར་གླེང་སློང་གནང་རྒྱུའི་ཐབས་ལམ་ཞིག་ཀྱང་ཡིན་ཞེས་དགོངས་ཚུལ་བཏོན་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་ཁ་ན་ཊའི་གཞུང་གིས་ཉེ་ཆར་བོད་མི་སྐྱབས་བཅོལ་བ་ཆིག་སྟོང་ཁ་ན་ཊར་གནས་སྤོ་བྱེད་རྒྱུར་མཐུན་འགྱུར་རོགས་རམ་གནང་བཞིན་པ་ལྟར། འབྱུང་འགྱུར་ཡང་དེ་ལྟབུའི་རོགས་གནང་སྐྱོང་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་སོགས་གསུངས་འདུག་ལ། དེ་བཞིན་དེ་རིང་སྲིད་སྐྱོང་མཆོག་གིས་ཁ་ན་ཊའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམ་པའི་ལྷན་དུ་མཇལ་འཕྲད་གནང་ཡོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ་དང་། ཀེ་ཐོ། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎