བོད་མི་མང་སྤྱི་འཐུས་ལྷན་ཚོཌ་ནས་ལིའུ་ཤའོ་ཕུའུ་ལ་འཚམས་འདྲི།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་འཚམས་འདྲིའི་གསལ་བསྒྲགས་སྤེལ་བ།

2010.10.14

༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ འདི་ལོ་༢༠༡༠ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འདི་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ཐོབ་པར་ བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཚེས་༡༡ཉིན་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་དགའ་བསུའི་འཚམས་འཕྲིན་ཞིག་གནང་ཡོད་པ་རེད་༎

བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་བའི་འཚམས་འཕྲིན་ནང་འཁོད་པར་ སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ཕྱི་ལོ་༢༠༡༠ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འཚམས་འདྲིའི་དགའ་བསུ་ཞུ་རྒྱུ་ཡིན། ནོ་བེལ་གཟེངས་རྟགས་ཚོགས་ཆུང་ནས་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ཞི་བདེའི་གཟེངས་རྟགས་གནང་བ་དེས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་མང་གཙོའི་འཕེལ་རིམ་ཐོག་ཡར་རྒྱས་འགྲོ་རྒྱུར་ལེའུ་གསར་པ་ཞིག་འགོ་འཛུགས་རྒྱུ་ཡིན་པ་རེད། སྐུ་ཞབས་ལིའུ་ཤའོ་ཕུའུས་ཧ་ཅང་དཀའ་ངལ་ཅན་གྱི་གནས་བབ་འོག་དུས་ཡུན་རིང་པོ་ཞིག་ནས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་རྒྱ་ནག་མང་གཙོར་འགྱུར་རྒྱུའི་ཞབས་འདེགས་གྲུབ་པ་དེས་རྒྱ་ནག་གཞུང་གིས་དེང་རབས་རྒྱལ་སྤྱིའི་ནང་མང་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་དང་ཁྲིམས་ལུགས་ལ་གུས་བརྩི་ལག་བསྟར་བྱ་དགོས་པའི་རྒྱ་ནག་མི་མང་སྤྱི་ཡོངས་ཀྱི་མངོན་འདོད་མཚོན་བཞིན་ཡོད་པ་དང། དེ་བཞིན་གཟེངས་རྟགས་དེས་རྒྱ་ནག་རྒྱལ་ཁབ་དང་མི་མང་ཚོའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ཆེད་ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་སྟོབས་ཤུགས་རྒྱས་བཞིན་པའི་ད་ལྟའི་རྒྱ་ནག་གི་གནས་བབ་དང་འོས་འཚམས་ཀྱིས་ཞི་བའི་ལམ་ནས་སྲིད་བྱུས་ལ་བསྒྱུར་བཅོས་གཏོང་དགོས་པ་དྲན་སྐུལ་གྱི་གོ་བརྡ་མཚོན་གྱི་ཡོད་པའི་སྐོར་གསལ་འདོན་གནང་བཞག གཞན་ཡང་གོང་གསལ་འཚམས་འཕྲིན་དེའི་ནང་སྐུ་ཞབས་ལིའུ་ཤའོ་ཕུའུ་ནི་ འགྲོ་བ་མིའི་གཞི་རྩའི་བསམ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ཆེད་རྒྱ་ནག་གི་བཙོན་དུ་ལུས་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་མང་པོ་ཞིག་གི་སྐུ་ཚབ་ཀྱང་མཚོན་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ཕུལ་བའི་ཞི་བདེའི་གཟེངས་རྟགས་དེས་རྒྱ་ནག་གི་འགོ་ཁྲིད་ཚོ་རྨོངས་གཉིད་ལས་བསད་དེ་སྐུ་ཞབས་ལིའུ་ཤའོ་ཕུའུས་གཙོས་པའི་ཆབ་སྲིད་ཀྱི་བཙོན་འཇུག་ཕོག་པའི་རྒྱ་ནག་མི་མང་དེ་དག་འཕྲལ་དུ་གློད་བཀྲོལ་ཡོང་བའི་རེ་བ་ཞུ་རྒྱུ་དང་ སྐུ་ཞབས་ལིའུ་ཤའོ་ཕུའུ་ཕྱི་ལོ་༢༠༡༠ཟླ་༡༢ཚེས་༠ཉིན་ཨོ་སོ་ལོར་འཚོགས་རྒྱུའི་གཟེངས་རྟགས་མཛད་སྒོར་ཕེབས་ཐུབ་པའི་རེ་བ་ཞུ་བཞིན་ཡོད་ཅེས་གསལ་འདོན་གནང་ཡོད་པ་རེད་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎