བྱང་ཨ་རིའི་བོད་མིའི་སྤྱི་འཐུས་ཞབས་སྟེགས་མང་དུ་གཏོང་གཏན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བྱང་ཨ་རི་ཁུལ་གྱི་བོད་མིའི་སྤྱི་འཐུས་ཀྱི་ཞབས་སྟེགས་མང་དུ་གཏོང་རྒྱུའི་གྲོས་ཆོད་གཏན་འབེབས།

2010.09.09

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བྱང་ཨ་རི་ཁུལ་གྱི་བོད་མིའི་སྤྱི་འཐུས་ཀྱི་ཞབས་སྟེགས་མང་དུ་གཏོང་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག་༎

དེ་ཡང་ཚེས་༩ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ དེང་བཞུགས་སྒར་རྡ་རམ་ས་ལར་ལྷན་ཚོགས་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཨ་རི་དང་ཀེ་ན་ཌ་གཅིག་ཏུ་སྒྲིལ་བའི་བྱང་ཨ་རི་ཁུལ་ནས་ད་ཡོད་སྤྱི་འཐུས་ཀྱི་ཞབས་སྟེགས་གཅིག་ནས་གཉིས་བར་མང་དུ་གཏོང་རྒྱུའི་གྲོས་འཆར་དེར་ བོད་མི་མང་སྤྱི་འཐུས་རྣམ་པ་ཚོས་ མང་མོས་རྒྱབ་སྐྱོར་ཐོག་ནས་གྲོས་ཆོད་གཏན་འབེབས་བྱུང་ཡོད་པ་རེད་

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་ཀྱི་ཞབས་སྟེགས་མང་དུ་གཏོང་རྒྱུའི་གྲོས་འཆར་དེ་བཞིན་བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་སྟོན་ཡོད་པ་རེད་ སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་ཨ་རི་དང་ཀེ་ན་ཌ་གཉིས་ཐེ་བས་བྱང་ཨ་རི་ཁུལ་དུ་བོད་མིའི་གྲངས་འབོར་༣༠༠༠༠ལྷག་ཡོད་པ་དང་ ས་གནས་བོད་མིའི་སྤྱི་མཐུན་ཚོགས་པ་ཡང་ཁག་སུམ་ཅུ་ཙམ་ཡོད་སྟབས་ ཨ་རི་དང་ཀེ་ན་ཌ་རྒྱལ་ཁབ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་བོད་མིའི་སྤྱི་འཐུས་ཀྱི་ཞབས་སྟེགས་ལོགས་སུ་དགོས་གལ་སྐོར་བསྐྱར་བཅོས་ཀྱི་གྲོས་འཆར་ཡང་བཏོན་གནང་འདུག ཡིན་ཡང་གྲོས་འཆར་དེར་བོད་མི་མང་སྤྱི་འཐུས་༢༤ཡིས་རྒྱབ་སྐྱོར་དང་སྤྱི་འཐུས་བཞི་ཡིས་མོས་མཐུན་མ་ཞུས་པའི་དབང་གིས་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་མང་མོས་རྒྱབ་སྐྱོར་ཁ་ལོངས་བྱུང་མེད་པར་སོང་གྲོས་འཆར་ལམ་ལྷོང་བྱུང་མེད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎