ཉི་ཧོང་གི་སྲིད་བློན་ཟུར་པ་ཐེ་ལྦན་དུ་འཚམས་གཟིཌ་སུ་ཕེབས་པ།

ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་སྦེ་མཆོག་དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་ལྦན་དུ་འཚམས་འདྲིར་ཕེབས་ཐོན་གནང་ཡོད་པ་རེད།

2010.10.31

༄༅༎ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་སྦེ་མཆོག་དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་ལྦན་དུ་འཚམས་འདྲིར་ཕེབས་ཐོན་གནང་ཡོད་པ་ནི། ཉི་ཧོང་དང་རྒྱ་ནག་བར་ལ་ཤར་རྒྱ་ནག་གི་རྒྱ་མཚོའི་ནང་དུ་ཡོད་པའི་གླིང་ཕྲན་གི་བདག་དབང་རྩོད་གཞིའི་གནད་དོན་དེའི་ཐོག་ཐེ་ལྦན་དང་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་སྦེ་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་དུ་ཡོད་པའི་ཧ་ནེ་ཌ་གནམ་ཐང་ནས་ཐེ་ལྦན་གྱི་རྒྱལ་ས་ཐེ་ཕེ་ནང་གི་སུང་ཧྲན་གནམ་ཐང་བར་གསར་དུ་སྒོ་མོ་ཕྱེ་བའི་མཁའ་ལམ་བརྒྱུད་ཐེ་ལྦན་དུ་འཚམས་འདྲི་ཕེབས་འབྱོང་བྱུང་ཡོད་ཅིང༌། དེ་རིང་ཕྱི་དྲོ་ཐེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཅོ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང༌། ཡིན་ནའང་ཁོང་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས། ཉི་ཧོང་དང་ཐེ་ལྦན། རྒྱ་ནག་བར་ལ་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་ལེན་བྱེད་པའི་གནད་དོན་དེའི་ཐོག་ལ་གླེང་སློང་གནང་གི་ཡོད་མེད་གནས་ཚུལ་ཁ་གསལ་པོ་མེད་པ་རེད། ཡིན་ནའང་སྐུ་ཞབས་ཨ་སྦེ་ཕྱི་ཟླ་བཅུ་པའི་འགོ་སྟོད་དུ་ཨ་མེ་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འཚམས་འདྲིར་ཕེབས་པའི་སྐབས། དེ་སྔ་འཇར་མ་ནིའི་ན་ཛི་དུས་རབས་ཀྱི་དབང་བསྒྱུར་བྱེད་སྟངས་ལུང་འདྲེན་བྱས་ཏེ་རྒྱ་ནག་གི་འདོད་རྔམ་ལ་སྐྱོན་བརྗོད་བྱེད་མྱོང་ཡོད་པ་རེད། ཉི་ཧོང་དང་རྒྱ་ནག་གྱི་ཕྱི་འབྲེལ་གྱི་འབྲེལ་ལམ་བར་ལམ་ཞིག་ནས་ཇེ་སྡུག་ཏུ་ཕྱིན་ཡོད་པ་ནི། ཁ་སྔོན་ཕྱི་ཟླ་དགུ་པའི་ནང་ཉི་ཧོང་གཞུང་གིས། ཕྱོགས་གཉིས་བར་ལ་བདག་དབང་གི་རྩོད་གཞིར་གནས་པའི་ཤར་རྒྱ་ནག་གི་རྒྱ་མཚོའི་ཐོག་ནས་རྒྱ་ནག་གི་ཉ་འཛིན་གྲུ་འཛིངས་ཀྱི་གྲུ་དཔོན་འཛིན་བཟུང་བྱས་ཏེ་བཀག་ཉར་བྱས་པའི་གནད་དོན་གྱིས་རྐྱེན་པས་འབྲེལ་ལམ་ཛ་དྲག་ཏུ་ཕྱིན་ཡོད་ཅིང༌། ཉི་ཧོང་དང་ཐེ་ལྦན། རྒྱ་ནག་གསུམ་གྱིས་བདག་དབང་གི་རྩོད་གཞིའི་གླིང་ཕྲན་དེར་རྒྱ་ནག་གིས་ཏའོ་ཡུའུ་ཟེར་བ་དང། ཉི་ཧོང་གི་སེན་ཀ་ཀུ་ཞེས་འབོད་ཀྱི་ཡོད་པ་མ་ཟད། གླིང་ཕྲན་གནས་ཡུལ་གྱི་རྒྱ་མཚོའི་དེ་ནི་ཉའི་ཐོན་ཁུངས་ཆེན་པོ་ཡོད་པའི་ཁར་སྣུམ་དང་རང་འབྱུང་གི་གཏེར་ཁའི་ཐོན་ཁུངས་ཕྱུག་པོ་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎