ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་བ།


2015.12.17
ཡོ་རོབ་གྲོས་ཚོགས་དང་མཉམ་སྦྲེལ་རྒྱལ་ཁབ་ཁག་གི་རྒྱལ་དར། ཡོ་རོབ་གྲོས་ཚོགས་དང་མཉམ་སྦྲེལ་རྒྱལ་ཁབ་ཁག་གི་རྒྱལ་དར།
པར་ཚགས།

རྒྱ་ནག་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པར་ཡོ་རོབ་གྲོས་ཚོགས་ཀྱིས་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་ཡང་ཁ་ས་ཕྱི་ཚེས་༡༦་ཉིན་ཡོ་རོབ་གྲོས་ཚོགས་ནང་། ཡོ་རོབ་མཐུན་ཚོགས་དང་། རྒྱ་ནག་གི་འབྲེལ་ལམ་ཞེས་པའི་གནད་དོན་ཐོག་སྙན་ཐོ་འདོན་སྤེལ་གནང་བའི་སྐབས། བོད་དང་། རྒྱ་ནག ཤར་ཏུ་ཀི་སི་ཏན་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་པ་རེད།
སྙན་ཐོ་དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚན་པའི་ཚོགས་ཆུང་ནས་གྲ་སྒྲིག་གནང་ཡོད་ཅིང་། དེའི་ཐོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་གནས་ཚུལ་ཁ་གསལ་བཀོད་གནང་ཡོད་པ་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་ཆེད་ཕྱི་ལོ་༢༠༠༩་ལོའི་ཕྱི་ཟླ་གཉིས་པ་ནས་འགོ་བཙུགས་ཀྱིས་ད་བར་བོད་མི་༡༤༢་ཙམ་གྱིས་སྐུ་ལུས་མེར་སྲེག་བཏང་གནང་བའི་ཐོག་ནས་གསལ་པོ་ཤེས་དགོས་པ་ཞིག་རེད་ཅེས་དང་། དེའི་ཐད་ཐུགས་ཚབས་ཆེན་པོ་ཡོད་པ་སོགས་ཀྱི་གནས་ཚུལ་སྙན་ཐོ་དེའི་ནང་བཀོད་གནང་ཡོད་པ་རེད།
ད་དུང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དམ་དྲག་གི་སྲིད་བྱུས་འཛིན་བཞིན་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་རང་བཙན་རྩོད་ལེན་དང་། ཁ་བྲལ་རིང་ལུགས་པའི་བྱ་སྤྱོད་ཡིན་པ་བརྗོད་པ་དང་། དེ་བཞིན་བོད་ནང་གི་སློབ་གྲ་ཁག་ཏུ་རྒྱ་ཡིག་གཙོ་བོར་འཛིན་དགོས་པའི་རྒྱ་ནག་གཞུང་གིས་འཆར་གཞི་དང་། སྲིད་བྱུས་ལ་སྐྱོན་བརྗོད་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་བྱ་སྤྱོད་དེར་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ནས་ཐུགས་ཚབས་ཆེན་པོ་ཡོད་པ་སོགས་སྙན་ཐོ་དེའི་ནང་བཀོད་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎