ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་བའི་བོད་དོན་འདུ་འཛོམས།
2015.03.14
ཧྥ་རན་སི་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ཆིག་ཁྲི་ཙམ་འཛོམས་ནས་བོད་དོན་རྔམ་སྟོན་སྐད་འབོད་གནང་འདུག
དེ་ཡང་སྤྱི་ཚེས་༡༤ཉིན་ཧྥ་རན་སིའི་རྒྱལ་ས་པ་རི་སིར་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་འདུ་འཛོམས་ཆེན་མོ་བྱས་པ་དང་། ཡོ་རོབ་གླིང་གཅིག་སྒྲིལ་གྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༦པ་དེ་སྲུང་གཙི་ཞུས་ཡོད་ཅིང་། ཐེངས་འདིའི་དུས་དྲན་མཛད་སྒོའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཧྥ་རན་སིའི་ཁྲིམས་དོན་བློན་ཆེན་ཟུར་པ་སྐུ་ཞབས་Robert Badinter་ལགས། དེ་བཞིན། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་། བཀྲས་མཐོང་དབང་པོ། བྷེལ་ཛིལ་དོན་གཅོད་ཚེ་བརྟན་བསམ་གྲུབ། བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ། གཞན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། ཧྥ་རན་སི་དང་བྷེལ་ཇམ། སུད་སི་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་འདྲ་མིན་༢༠ཙམ་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་༡༠༠༠༠ ལྷག་འདུ་འཛོམས་བྱུང་ཐོག་གཞི་རྒྱ་ཆེ་བའི་བོད་སྟོན་རྔམ་སྟོན་སྐད་འབོད་བྱས་ཡོད།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་བར་གསན་རོགས།
ཕྱི་ཚེས་༡༤ཉིན་རྔམ་སྟོན་ཁྲོམ་སྐོར་དང་འབྲེལ་བའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་ས་གནས་ནས་ཐད་དཀར་ངོ་སྤྲོད་གནང་བ།