ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་བའི་ལས་འགུལ་སྤེལ་རྒྱུ།


2015.02.02
ཡོ་རོབ་ལ་བོད་དོན་འདུ་འཛོམས་སྐབས། ༢༠༡༤།༡༢།༡༠ ཡོ་རོབ་ལ་བོད་དོན་འདུ་འཛོམས་སྐབས། ༢༠༡༤།༡༢།༡༠
དྲ་བཤུས

ཡོ་རོབ་ཁུལ་གྱི་བོད་རིཊ་ཚོཊ་པ་ཐུན་མོང་གིས་མི་རིང་བར་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་འདུག
གསར་འགོད་པ་དབྱངས་སྒྲོལ།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

དེ་ཡང་ཡོ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་ཐུན་མོང་གིས་གོ་སྒྲིག་གནང་བའི་ཐོག་འདི་ལོ་ཕྱི་ཟླ་༣ཚེས་༡༤ཉིན་པེ་རི་སིར་གསུམ་བཅུའི་དུས་དྲན་ལས་འགུལ་ཆེད་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་གནང་འཆར་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མང་ཚོགས་འདུ་འཛོམས་ཐོག་གསུང་བཤད་གནང་རྒྱུ་དང་། དེ་མིན་འདུ་འཛོམས་ཀྱི་ལས་འགུལ་དེའི་སྐབས་ཆེད་ཕེབས་སྐུ་མགྲོན་དང་། གསུང་བཤད་གནང་མཁན་གྱི་གནད་ཡོད་མི་སྣ་ཁག་ཅིག་ཡོད་པ་རྣམ་པའི་མཚན་གནས་རིང་མིན་གསལ་བསྒྲགས་ཞུ་རྒྱུ་ཡིན་ལུགས་ཡོ་རོབ་བོད་མི་མང་སྤྱི་འཐུས་བཀྲང་མཐོང་དབང་པོ་ལགས་ཀྱིས་གསལ་སྟོན་གནང་འདུག ལས་འགུལ་གྱི་འབྲེལ་མཐུད་པ་ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གསུངས་ན། ལས་འགུལ་གྱི་གྲ་སྒྲིག་ཧ་ཅང་ཡག་པོ་ཡོང་བཞིན་ཡོད་པ་དང་། སྲིད་སྐྱོང་མཆོག་ལས་འགུལ་ལ་མཉམ་ཞུགས་གནང་རྒྱུའི་ཞལ་བཞེས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ལས་འགུལ་དེ་ནི་གཞི་རྒྱ་ཆེ་བ་དང་ཚགས་ཚུད་པོ་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཕྱོགས་བཞུགས་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་དེ་བརྒྱུད་ཡུ་རོབ་མི་མང་ནས་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཇི་ཡོད་མངོན་གསལ་དུ་འདོན་དགོས་པའི་རེ་བ་ལྟར་གོ་སྒྲིག་ཞུས་པ་ཞིག་ཡིན། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ལས་འགུལ་དེར་བོད་མི་ཙམ་མིན་པར་ཡོ་རོབ་ཁུལ་གྱི་བོད་ཀྱི་གྲོགས་པོ་གང་མང་མཉམ་ཞུགས་ཐུབ་པར་ཚང་མས་འབད་བརྩོན་གནང་དགོས། གསུམ་བཅུའི་དུས་དྲན་ཉིན་གཞི་རྒྱ་ཆེ་བའི་མང་ཚོགས་འདུ་འཛོམས་ཀྱི་ཉིན་མོ་དང་བསྟུན་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་རྒྱབ་སྐྱོར་དྲིལ་བསྒྲགས་ཡིག་ཆ་གསལ་བསྒྲགས་ཞུ་རྒྱུ་དང་ཆབས་ཅིག་ཡོ་རོབ་ཁུལ་མང་ཚོགས་ནས་བོད་དོན་རྒྱབ་སྐྱོར་སླད་མཚན་རྟགས་བསྡུ་རུབ་ཞུ་རྒྱུ་ཡིན་ཞེས་གསལ་སྟོན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎