རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཤུགས་ཆེར་འགོས་ཁྱབ་འགྲོ་བཞིན་པར་དམིགས་པའི་ཐབས་ཇུས་འཚོལ་དགོས་པའི་ཛ་དྲག་འབོད་སྐུལ།

2022.12.29
རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཤུགས་ཆེར་འགོས་ཁྱབ་འགྲོ་བཞིན་པར་དམིགས་པའི་ཐབས་ཇུས་འཚོལ་དགོས་པའི་ཛ་དྲག་འབོད་སྐུལ། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དཔོན་རིགས་ཀྱིས་ཡོ་རོབ་ཡུལ་གྲུ་ཁག་ཐུན་མོང་གིས་དེང་སྐབས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཤུགས་ཆེར་འགོས་ཁྱབ་འགྲོ་བར་དམིགས་པའི་ཐད་ཐབས་ཇུས་འཚོལ་དགོས་པའི་ཛ་དྲག་འབོད་སྐུལ་ཞུས་འདུག
Photo: RFA

ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དཔོན་རིགས་ཀྱིས་ཡོ་རོབ་ཡུལ་གྲུ་ཁག་ཐུན་མོང་གིས་དེང་སྐབས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཤུགས་ཆེར་འགོས་ཁྱབ་འགྲོ་བར་དམིགས་པའི་ཐད་ཐབས་ཇུས་འཚོལ་དགོས་པའི་ཛ་དྲག་འབོད་སྐུལ་ཞུས་འདུག
ཕྱི་ཚེས་༢༩ཉིན་Reuters་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁང་གིས་རེས་གཟའ་ཕུར་བུའི་ཉིན་ Brusselsནང་ཛ་དྲག་ཚོགས་འདུ་འཚོགས་ཏེ། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་དེང་སྐབས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཐད་སྟངས་འཛིན་གྱི་སྲིད་ཇུས་མེད་པར་བཏང་རྗེས། ནད་ཡམས་འགོས་ཁྱབ་ཀྱི་ཚ་རླབས་འཕྱུར་བཞིན་པའི་གནས་སྟངས་ལ་དམིགས་པའི་སྙོམ་སྒྲིག་ཐབས་ཇུས་ལག་བསྟར་ཐད་གྲོས་མོལ་བྱས་ཡོད་པ་རེད། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པར་བརྟེན། རྒྱ་ནག་ནང་
སྨན་ཁང་གིས་མི་འདང་བ་དང་། སྨན་རྫས་རྫོགས་པ། བེམ་པོ་མེར་བསྲེག་ཁང་གི་མ་འདང་བ་བཅས་ཀྱི་ཐད་གནོན་ཤུགས་ཆེན་པོ་ཡོང་གི་ཡོད་ལ། རྒྱ་ནག་གི་ནད་ཡམས་ཀྱི་གནས་སྟངས་དང་གཞུང་འབྲེལ་གྱི་གསལ་བསྒྲགས་གྲངས་འབོར་ཐད་མི་རྣམས་ལ་དོགས་པ་ཡོང་གི་ཡོད་པའི་རྐྱེན་གྱིས་ཨ་རི་དང་། རྒྱ་གར། ཨི་ཊ་ལི། ཐེ་ཝན། ཉི་ཧོང་བཅས་ནས་རྒྱ་ནག་ནས་ཡོང་བའི་འགྲུལ་བ་ཚོའི་འགྲུལ་བཞུད་ཐད་ཚད་བཀག་གི་གཏན་འབེབས་གསར་བ་ལག་ལེན་བྱེད་བཞིན་ཡོད་འདུག
དེ་བས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁང་ནས་ཚོགས་འདུ་འཚོགས་ཏེ་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་གནས་སྟངས་དང་དེར་སྙོམ་སྒྲིག་ཐབས་ཇུས་ལག་ལེན་ཐད་གྲོས་མོལ་གནང་བཞིན་འདུག་ཅེས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁང་གི་དཔོན་རིགས་ཤིག་གིས་Reuters་ཐོག་བརྗོད་འདུག ཡིན་ནའང་ཚོགས་འདུ་དེ་ག་དུས་མཇུག་སྒྲིལ་རྒྱུ་ད་དུང་གསལ་ཁ་མེད་པ་རེད།
གོང་ཞུས་འཕྲོད་བསྟེན་ལས་ཁང་དེ་ནི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཡུལ་གྲུ་༢༧གྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དཔོན་རིགས་ནས་གྲུབ་པ་དང་། སྒྲིག་འཛུགས་དེས་ནམ་རྒྱུན་ཡོ་རོབ་ནང་ཏོག་དབྱིབས་ནད་ཡམས་ཚབས་ཆེན་སྐབས་ཚོགས་འདུ་འཚོགས་ནས་དེ་ལ་གདོང་ལེན་བྱེད་ཕྱོགས་སྲིད་ཇུས་ཐད་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎