ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ལྷན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་འདུག


2020.06.23
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་གི་འགོ་ཁྲིད་ལྷན་ཚོགས་པའི་ཆེས་མཐོའི་ལྷན་ཚོགས་སྐབས། ༢༠༢༠།༦།༢༢ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་གི་འགོ་ཁྲིད་ལྷན་ཚོགས་པའི་ཆེས་མཐོའི་ལྷན་ཚོགས་སྐབས། ༢༠༢༠།༦།༢༢
AFP

ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ལྷན་དུ་ཆེས་མཐོའི་ལྷན་ཚོགས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་པོ་ཡོད་པའི་སྐོར་གླེང་འདུག
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ལྷན་དུ་ཆེས་མཐོའི་ལྷན་ཚོགས་སྐབས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་བྱེ་བྲག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། གཞི་རིམ་རང་དབང་ལ་ཚོད་འཛིན་བྱེད་བཞིན་པའི་གནས་སྟངས་དང་། དེ་བཞིན་ཕྱོགས་གཉིས་བར་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་གང་མགྱོགས་གནང་དགོས་པ་བཅས་གླེང་སློང་གནང་ཡོད་འདུག
དེ་ཡང་(Belgium)་གྱི་རྒྱལ་ས་བྷེལ་ཛིལ་(Brussels)་དུ་བཅའ་བཞུགས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༢༢་རེས་གཟའ་ཟླ་བའི་ཉིན་ རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་ལེ་ཁཱ་ཆིང་། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་(Charles Muchel)་དང་། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་པ་ལྕམ་(Ursula von der Leyen)་བཅས་དྲ་ལམ་བརྒྱུད་ཆེས་མཐོའི་ལྷན་ཚོགས་གནང་ཡོད་པ་རེད།
དེའི་ཐད་ཡོ་རོབ་སྐུ་ཚབ་རྣམ་གཉིས་ཀྱིས་སྤེལ་བའི་སྤྱི་བསྒྲགས་ནང་། ཆེས་མཐོའི་ལྷན་ཚོགས་ཀྱི་སྐབས་སུ། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཕྱོགས་གཉིས་བར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་རང་བཞིན་ཡོད་པ་ནན་བརྗོད་གནང་པ་དང་སྦྲགས། དཔལ་འབྱོར་གྱི་ཐད་ནས་ཚོང་འབྲེལ་ཆ་སྙོམས་མེད་པའི་གནས་སྟངས་ཞིབ་ཕྲ་གསུངས་པའི་ཐོག ཕན་ཚུན་བར་གཞི་རྒྱ་ཆེ་བའི་ཚོང་འབྲེལ་གྱི་གྲོས་མཐུན་གཏན་འབེབས་དགོས་པ་དང་། ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱ་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་གི་ཐད་ལ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་མཐུན་གྲོས་ལྟར་ལག་བསྟར་དོན་འཁྱོལ་གྱི་འགན་འཁྲི་ལེན་དགོས་པ་སོགས་གླེང་སློང་གནང་ཡོད་འདུག
དེ་བཞིན་ད་དུང་སྤྱི་ཚོགས་ཀྱི་གནད་དོན་ཆ་ནས། རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གནད་དོན་ཐད་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ངོས་ནས་བློ་ཚབས་ཆེན་པོ་ཡོད་པ་གསུང་འདུག་ལ། ཁྲིམས་གཞི་དེ་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་འཛིན་དང་རྒྱབ་འགལ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་ནས་ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་དང་ཚད་མཐོའི་དམངས་གཙོའི་རང་དབང་། དེ་བཞིན་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་བཅས་པར་སྲུང་སྐྱོབ་བྱ་དགོས་བ་སྐུལ་མ་གནང་ཡོད་ལུགས་གསལ་འདུག་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་ཐད་ནས་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི། ཁུལ་དེའི་ནང་མི་སྣ་གང་བྱུང་འཛིན་བཟུང་བྱེད་པ་དང་གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པའི་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་དཔང་རྟགས་གསལ་བཏོན་གནང་པ་བརྒྱུད་གླེང་སློང་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎