མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་དགེ་རྒན་ལ་རག་ལུས་ཡོད། ཟམ་གདོང་རིན་པོ་ཆེས།


2019.02.25
ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་སྐབས། ༢༠༡༩།༢།༢༥ ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་སྐབས། ༢༠༡༩།༢།༢༥
RFA

མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གྱི་གནས་བབས་དེ་ཤེས་ཡོན་སློབ་གསོ་ལ་རག་ལུས་ཡོད་པ་དང་ཤེས་ཡོན་སློབ་གསོ་དེ་དགེ་རྒན་ལ་རག་ལུས་ཡོད་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་འདུག
དེ་ཡང་ཤེས་རིག་ལས་ཁུངས་ཀྱིས་སྐོང་ཚོགས་གནང་བའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཉིན་གསུམ་པ་འདི་ཚེས་༢༥ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགེ་རྒན་གྱི་ལས་གནས་ནི་ལས་ཚན་གཞན་ལས་ཁྱད་དུ་འཕགས་པ་དགོས་པའི་རྒྱུ་མཚན་དང་དགེ་རྒན་གྱི་ཀུན་སྤྱོད་དང་འགན་འཁུར་གནང་ཕྱོགས་དང་འབྲེལ་བའི་བརྗོད་གཞིའི་སྐོར་བཀའ་སློབ་གནང་སྐབས། ཆབ་སྲིད་དང་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་སྐབས་མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གྱི་གནས་འབབས་ལ་ཁྱད་པར་བཟོ་ཐུབ་པའི་ནུས་པ་མེད་པ་ཀྱང་།  ཤེས་ཡོན་གྱི་སློབ་གསོའི་ཐོག་ཞན་ཆ་བྱུང་བ་ཡིན་ན་མི་རིགས་དེའི་སྤྱི་དོན་དང་འབྲེལ་བའི་འབྱུང་འགྱུར་གྱི་གནས་འབབས་ལ་ཁྱད་པར་འགྲོ་བའི་ནུས་པ་ཡོད་པར་བརྟེན།  དགེ་རྒན་ཚོར་སློབ་ཕྲུག་གི་ཞན་ཆ། ཕ་མའི་ཞན་ཆ། དགེ་རྒན་རང་ཉིད་ཀྱི་ཞན་ཆ། སྤྱི་ཚོགས་ཀྱི་ཞན་ཆ་སོགས་དགེ་རྒན་ཚོས་སེལ་ཐུབ་པ་ཞིག་ཡིན་སྟབས། ལས་ཀ་དེ་ཁྱད་དུ་འཕགས་པ་ཞིག་ཡིན་པ་གསུངས་འདུག
ཡང་རིན་པོ་ཆེ་མཆོག་གིས། དོན་ལ་དགེ་རྒན་ཞེས་པའི་གོ་དོན་དེང་རབས་ཀྱི་ལན་སྐྱེལ་མཁན་གྱི་རྒྱུད་ལམ་ལྟ་བུ་ཞིག་ངོས་འཛིན་བྱེད་ཡོད་དེ་ལྟར་མ་ཡིན་པར། སློབ་ཕྲུག་ལ་བྱ་བ་གང་ཞིག་ཡང་དག་འམ་ཡང་དག་པ་མ་ཡིན་པ་བཅོས་ཐུབ་མཁན་ཞིག་དང་རིག་པའི་གནས་ལ་སློབ་ཕྲུག་ལས་ཕྱུག་པ་དང་རྒན་པ་ཡིན་པའི་ཆ་ནས་སློབ་ཚན་དེ་སོ་རང་ཉིད་ནས་ཆ་ཚང་ཤེས་པ་ཞིག་དགོས་པ་མ་ཟད་གྲོགས་པའི་འདུ་ཤེས་དང་བརྩེ་སེམས་ཀྱི་ཐོག་ནས་སློབ་ཁྲིད་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་ལ། ཡང་དགེ་རྒན་གྱི་མིང་གཞན་ཡོངས་འཛིན་ཞེས་པ་དེ་ནི་སློབ་ཕྲུག་གི་ལུས་ངག་ཡིད་གསུམ་གྱི་དགོས་མཁོ་གང་ཡང་རུང་བ་ཞིག་ཆ་ཚང་བ་ཞིག་འགྲུབ་ཐུབ་མཁན་ཞིག་དང་། དེ་བཞིན་སློབ་ཕྲུག་གི་སེམས་མ་ཞུམ་པ་བཟོ་ཡག སློབ་སྦྱོང་ལ་སྤྲོ་སྣང་དང་དོ་དབྱིངས་སྐྲུན་ཐབས་བྱེད་ནས་སློབ་སྦྱོང་དངའབྲེལ་བའི་དཀའ་ངལ་གང་འདྲི་ཞིག་ཡོད་ཀྱང་དེ་སེལ་དགོས་པའི་འགན་དེ་དགེ་རྒན་ཚོར་ཡོད་པ་གསུངས་ཡོད་པ་རེད།
ལྷག་པར་དུ་སློབ་ཕྲུག་ཚོ་སྤྱི་ཚོགས་ཀྱི་གཡོག་པོ་ལྟ་བུ་བཟོ་རྒྱུར་མ་བལྟ་བར་ཁོང་ཚོ་སྤྱི་ཚོགས་ལ་ཕན་ཐོག་བྱེད་མཁན་ཞིག་བཟོ་ཐུབ་མཁན་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཡིན་པ་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎