༄༅༎བོད་རང་སྐྱོང་ལྗོངས་ཁུལ་གྱི་བཞད་མཐོང་སྨོན་ཞེས་པའི་ས་གནས་སུ་ཕྱི་ཟླ་༡༢ཚེས ༢༤ ཉིན་ཞོགས་པའི་ཆུ་ཚོད་གསུམ་པ་ཡོལ་ཙམ་ལ་ས་ཡོམ་འགུལ་ཚད་༥དང་གྲངས་ཆུང་༨ཙམ་བྱེད་པ་ཞིག་རྒྱབ་འདུག་ཀྱང་ད་ལྟའི་ཆར་སྡོད་ཁང་འགའ་ཤས་སེར་ཁ་གས་པ་དང་སྒོ་ཕྱུག་སེམས་ཅན་རིགས་ཅིག་ལ་དོ་ཕོག་ཕྲན་བུའི་ཐེབས་ཡོད་པ་ལས་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་གང་ཡང་ཐོན་མེད་ནའང་། གནོད་འཚེ་ཕོག་སའི་ས་གནས་ནས་མི་གྲངས་ཉིས་སྟོང་ལྷག་ཉེན་གཡོལ་དུ་ཕྱིན་ཡོད་པ་རེད། ས་གནས་འབྲེལ་ཡོད་ལས་ཁུངས་ནས་གོང་ཞུས་ས་ཡོམ་བྱུང་ཡུལ་དུ་སྡོད་གུར་དང་མལ་གོས། སྨན་སོགས་མངགས་གཏོང་བྱེད་ཡོད་འདུག གོང་དུ་ཞུས་པའི་བཞད་མཐོང་སྨོན་ཞེས་པའི་ས་གནས་འདི་ནི། གཞིས་ཀ་རྩེ་ནས་ཀི་ལོ་མི་ཀྲར་བརྒྱད་བཅུ་ལྷག་ཙམ་གྱི་འགྱངས་ཁྱད་ཡོད་པ་དང་། ས་འབྲེལ་དུ་རྣམ་གླིང་དང་། ས་སྐྱ། ངམ་རིང་རྫོང་སོགས་འཁེལ་གྱི་ཡོད་འདུག།
གཞིས་ཀ་རྩེའི་ཁུལ་དུ་ས་ཡོམ་རྒྱབ་ཡོད་པའི་གནས་ཚུལ།
