མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཞབས་སྐོར་མ་ཕེབས་རོགས་ཟེར།


2014.11.24
བལ་ཡུལ་མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་སྤེལ་བའི་གསལ་བསྒྲགས། བལ་ཡུལ་མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་སྤེལ་བའི་གསལ་བསྒྲགས།
མཐུན་འགྱུར་པར་རིས།

ལྷོ་ཨེ་ཤ་ཡའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བོད་མི་ཚོ་མཆོད་རྟེན་ལ་ཞབས་སྐོར་བསྐྱོད་མི་ཆོག་པའི་བཀའ་བཏང་འདུག
དེ་ཡང་བལ་ཡུལ་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཉིན་འདི་གར་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་ཀྲོའུ་ལ་ལྷོ་ཨེ་ཤ་ཡའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༨པ་ཚོགས་བཞིན་པ་དང་། སྐབས་དེར་བོད་མི་ཚོ་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོར་སྐོར་བར་བསྐྱོད་མི་ཆོག་པ་སོགས་བལ་ཡུལ་གཞུང་གིས་བཀའ་རྒྱ་བཏང་ཡོད་པ་རེད་འདུག དེ་ཡང་བལ་ཡུལ་མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་ཚེས་༢༣ཉིན་གསལ་བསྒྲགས་ཞིག་སྤེལ་བའི་ནང། བལ་ཡུལ་གྱི་ཉེན་རྟོག་སྐོར་སྲུང་སྤྱི་ཁྱབ་ལས་ཁང་ནས་བཀོད་ཁྱབ་འབྱོར་བ་ལྟར། རྒྱལ་ས་ཀཱ་ཐ་མན་ཀྲོའུ་ལ་ལྷོ་ཨེ་ཤ་ཡའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༨པ་ཚོགས་བཞིན་པའི་སྐབས་འདིར་སྤྱི་ཚེས་༢༤ནས་༢༧བར་ནང་བའི་གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོར་སྐོར་བར་མ་ཕེབས་རོགས་ཞེས་གསལ་བསྒྲགས་སེཔལ་ཡོད་པ་དང་། ས་གནས་ཀྱི་འབྲེལ་ཡོད་མི་སྣས་བརྗོད་དོན། སྐབས་དེའི་རིང་བལ་ཡུལ་གཞུང་གིས་བལ་ཡུལ་གྱི་བོད་མིའི་ཐོག་དམ་དྲག་དོགས་ཟོན་བྱེད་རྒྱུ་ཡིན་པ་དང་། བོད་མི་འདུ་འཛོམས་དང་། ཆབ་སྲིད་ལས་འགུལ་རིགས་གང་ཡང་སྤེལ་མི་ཆོག་པ་བོད་མི་འདུས་སྡོད་བྱེད་ཡུལ་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་བཀོད་ཁྱབ་བཏང་ཡོད་པ་དང་། ལྷོ་ཨེ་ཤ་ཡའི་མངའ་ཁུལ་མཉམ་འབྲེལ་ལྷན་ཚོགས་SAARC་ཞེས་བའི་ཁོངས་མིའི་རྒྱལ་ཁབ་གྲས་སུ་རྒྱ་ནག་མེད་ན་ཡང་བོད་མི་ཚོར་དེ་ལྟར་དམ་དྲག་དོགས་ཟོན་བྱེད་དགོས་བའི་རྒྱུ་མཚན་གསལ་བོ་མེད་པ་བརྗོད་ཡོད།
ལྷོ་ཨེ་ཤ་ཡའི་མངའ་ཁུལ་མཉམ་འབྲེལ་ལྷན་ཚོགས་SAARCཞེས་བའི་མངའ་ཁུལ་འཐུས་མིའི་རྒྱལ་ཁབ་ཁག་ནི་རྒྱ་གར་དང་། འབྲུག བལ་ཡུལ། པ་ཀི་སི་ཐན། ཨབ་གྷན། སིང་གྷ་ལ་Sri Lankaབྷང་ག་ལ། མལ་ཌེབ་སི། Maldivesབཅས་ཡིན་པ་དང་། ད་ཐེངས་ཀྱི་ཚོགས་ཆེན་དེ་བཞིན་ཟླ་བ་འདིའི་སྤྱི་ཚེས་༢༢ནས་༢༧བར་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་ཀྲོའུ་ལ་ཚོགས་བཞིན་པ་རེད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎