ཨོ་སི་ཀྲོ་ལི་ཡའི་རྒྱ་ནག་གཞུང་ཚབ་ཁང་ལ་ལྷམ་གཡུགས་ཡོད་པ།

ཨོ་སི་ཀྲོ་ལི་ཡའི་ནང་གནས་བཞུགས་བོད་མི་ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་ལ་ཆབ་ཆེན་གྱིས་ཁེངས་པའི་ལྷམ་གཡུགས་ནས་ངོ་རྒོལ་སྤེལ་ཡོད་པ།

2009.03.28

༄༅༎ཁ་ས་ཨོ་སི་ཀྲོ་ལི་ཡའི་ནང་གནས་བཞུགས་བོད་མི་ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་ལ་ཆབ་ཆེན་གྱིས་ཁེངས་པའི་ལྷམ་གཡུགས་ནས་རྒྱ་ནག་གཞུང་གིས་བོད་བཅིངས་བཀྲོལ་བཏང་བ་ཟེར་བའི་དུས་ཆེན་སྲུང་བརྩིར་ངོ་རྒོལ་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་འདུག

ཨེ་སྦི་སི་ཞེས་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་རྒྱ་མིའི་བཙན་དབང་ལ་བོད་མི་མང་གིས་རང་དབང་སྒེར་ལངས་གནང་སྟེ་ལོ་ལྔ་བཅུ་འཁོར་བ་དང་བསྟུན་ནས་རྒྱ་ནག་གཞུང་གིས་ཁ་ས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་བཀྲོལ་ཐོབ་པའི་ཉིན་ཟེར་བའི་གསར་གཏོད་ཀྱི་དུས་ཆེན་དེ་སྲུང་བརྩི་བྱས་པ་མ་ཟད་བོད་སྐོར་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་དེར་ཨོ་སི་ཀྲོ་ལི་ཡའི་ནང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་འཁོར་གཅིག་ལྷག་གིས་གྲོང་ཁྱེར་སིཌི་ནིར་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་འདུག

སྐབས་དེར་བསྟན་པ་འབྲུག་གྲགས་ལགས་ཀྱིས་ཁོང་རང་གི་ཆབ་ཆེན་གྱིས་ཁེངས་པའི་ལྷམ་ཞིག་རྒྱ་ནག་གཞུང་ཚབ་ཀྱི་སྒོ་རའི་ནང་གཡུགས་འདུག ཁོང་གིས་དེ་ནི་ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་སྤྲོད་རྒྱུའི་བརྡ་ལན་མཚོན་གྱི་ཡོད་སྐོར་དང་རྒྱ་ནག་དམར་ཤོག་ཚོགས་པས་ང་ཚོར་བརྡ་སྤྲད་པ་དེར་ང་ཚོའི་ངོས་ནས་ཆབ་ཆེན་སྐྱག་པ་ཞེས་པའི་བརྡ་ལན་སྤྲོད་འདོད་ཡོད་ལ་ཉེ་དུས་རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་བཀྲོལ་ཐོབ་པའི་དུས་ཆེན་གསར་བཟོ་བྱས་པ་དེ་ནི་བོད་མི་མང་ལ་དམའ་འབེབས་དང་འཁྲུག་རྐྱེན་སློང་གཞི་ཞིག་ཡིན་པའི་འགྲེལ་བརྗོད་ཀྱང་གནང་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎