བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གསལ་བསྒྲཌ།

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་བོད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་པའི་ལས་འགུལ་སྤེལ་ཕྱོགས་ཀྱི་ལམ་སྟོན་གསལ་བསྒྲཌ།

༄༅༎བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་བོད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་པའི་ལས་འགུལ་སྤེལ་ཕྱོགས་ཀྱི་ལམ་སྟོན་གསལ་བསྒྲགས་ཤིག་སྤེལ་འདུག

དེ་ཡང་གོང་ཞུས་གསལ་བསྒྲགས་དེའི་ནང་ད་ལོ་སུམ་ཅུའི་དུས་དྲན་ནས་བཟུང་གཞིས་ལུས་བོད་རྣམས་ཀྱིས་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ཞི་རྒོལ་རྔམ་སྟོན་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བའི་ཐོག་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་གསོད་རྡུང་གི་དྲག་གནོན་བྱས་པར་གདུང་སེམས་མཉམ་སྐྱེད་དང་དེ་དག་གི་དཀའ་ངལ་སེལ་ཐབས་ལ་དམིགས་ནས་རང་དབང་ལུང་པར་གནས་འཁོད་བོད་རིགས་ཡོངས་རྫོགས་ཀྱི་ལས་འགུལ་མཉམ་སྤེལ་བྱ་ཆེད་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གསར་འཛུགས་ཀྱིས་ད་བར་ལས་འགུལ་རིམ་པ་སྤེལ་བཞིན་པའི་ཁོངས་བོད་མི་སྤྱི་སྒེར་སོ་སོའི་འཆར་ཅན་འཚོ་བའི་ཁྲོད་དུ་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་ཕྱོགས་སྐོར་བོད་གཞུང་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་སོ་སོར་ལམ་སྟོན་གནང་བ་ཟུར་སྟོན་ལྟར་རང་རང་གནས་སྡོད་ས་ཁུལ་གྱི་བོད་མི་སྐྱ་སེར་སྤྱི་དང་བྱེ་བྲག་ཕྲུ་གུའི་ཕ་མ།དགེ་ལས་སློབ་ཕྲུག།མཐོ་སློབ་ཁག་བཅས་ལ་བརྒྱུད་བསྒྲགས་ཀྱིས་ལས་འགུལ་སྤེལ་ཐབས་ཡོང་བ་ཅེས་འབོད་སྐུལ་གསལ་བསྒྲགས་གནང་འདུག