བོད་ཀྱི་རོལ་ཚོགས་ཞིག་གིས་རྒྱ་གར་གྱི་གཞས་སྣ་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་འདུག


2018.10.01
བོད་རིགས་བསྟན་འཛིན་དོན་ཡོད་ཀྱི་རོལ་དབྱངས་ཚོ་ཁག་ལ་རྒྱ་གར་གྱི་གཞས་སྣ་འགྲན་བསྡུར་ཞིག་ནང་ཨང་གཉིས་པར་བདམས་ཐོན་བྱུང་སྐབས། ༢༠༡༨།༩།༣༠ བོད་རིགས་བསྟན་འཛིན་དོན་ཡོད་ཀྱི་རོལ་དབྱངས་ཚོ་ཁག་ལ་རྒྱ་གར་གྱི་གཞས་སྣ་འགྲན་བསྡུར་ཞིག་ནང་ཨང་གཉིས་པར་བདམས་ཐོན་བྱུང་སྐབས། ༢༠༡༨།༩།༣༠
Rishika Lama/FB

བོད་རིགས་བསྟན་འཛིན་དོན་ཡོད་ཀྱི་རོལ་དབྱངས་ཚོ་ཁག་ལ་རྒྱ་གར་གྱི་གཞས་སྣ་འགྲན་བསྡུར་ཞིག་ནང་ཨང་གཉིས་པར་བདམས་ཐོན་བྱུང་འདུག
དེ་ཡང་རྒྱ་གར་ནང་(Dil Hai Hindustani) ཞེས་མིང་བརྗོད་འོག་རྒྱ་གར་རྒྱལ་ཡོངས་རང་བཞིན་ལྡན་པའི་གཞས་སྣའི་འགྲན་བསྡུར་ཞིག་བྱས་ཡོད་པ་དང་། འདས་པའི་ཟླ་བ་གསུམ་ལྷག་ཙམ་རིང་འགྲན་བརྩོད་བྱས་པའི་གཞས་སྣའི་འགྲན་བསྡུར་དེའི་ནང་རྒྱ་གར་བྱང་ཤར་ཀ་ལོན་སྤུག་ ༼Kalimpong༽ ནས་ཡིན་པའི་བོད་རིགས་བསྟན་འཛིན་དོན་ཡོད་ལགས་དང་ཁོང་གི་རོལ་དབྱངས་ཚོགས་པ་(Mountain Soul) ཞེས་པ་དེ་འགྲན་རྩོད་པ་མཐའ་མ་བཞིའི་ནང་ཚུད་ཡོད་པ་རེད། ཕྱི་ཟླ་༩་ཚེས་༣༠་ཉིན་མང་ཚོགས་ནས་འོས་འཕངས་པའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་སྐབས་བསྟན་འཛིན་དོན་ཡོད་ལགས་ཀྱི་རུ་ཁག་ལ་ཨང་གཉིས་པ་ཐོབ་པ་དང་། ཨང་དང་པོའི་རྒྱལ་ཁ་ཐོབ་མཁན་རྒྱ་གར་བྱང་ཕྱོགས་པཱན་ཇཔ་མངའ་སྡེའི་གྲོང་ཁྱེར་ལུ་དྷི་ཡ་ན་ནས་ཡིན་པ་ལོ་ན་བཅུ་དགུ་ལོན་པའི་ན་གཞོན་(Akshay Dhawan) ལ་ཐོབ་ཡོད་པ་རེད། ཨང་དང་པོར་བྱ་དགའ་ཧིན་སྒོར་འབུམ་བཅོ་ལྔ་དང་གཟེངས་བསྟོད་ལག་འཁྱེར་ཐོབ་ཀྱི་ཡོད་པ་དང་། ཨང་གཉིས་པར་ཧིན་སྒོར་འབུམ་ལྔ་དང་ལག་འཁྱེར་བཅས་ཐོབ་ཡོད་པ་རེད།
དྷིལ་ཧེ་ཧིན་དུསྀ་ཏ་ནི་ཞེས་པའི་གཞས་སྣ་འགྲན་བསྡུར་དེ་བཞིན་ཟླ་བ་གསུམ་ལྷག་ཙམ་རིང་བྱས་ཡོད་པ་དང་ཐོག་མར་འགྲན་བརྩོད་ནང་ཞུགས་མཁན་རྒྱ་གར་ཁྱོན་ཡོངས་ནས་མི་གྲངས་འབུམ་གཅིག་མ་ཟིན་ཙམ་ཡོད་པའི་ཁོངས་ནས་རིམ་པས་འདེམས་སྒྲུག་དང་མཐའ་མར་མི་གྲངས་དྲུག་ཅུ་གྲོང་ཁྱེར་མུམ་བྷེ་ཡ་ནང་བསྐོངས་པ་སོགས་བརྒྱུད་རིམ་མང་པོ་ཞིག་འགྲིམས་པའི་རྗེས་སུ་བདུན་ཕྲག་གཉིས་ཙམ་གོང་ནས་མང་ཚོགས་ནས་འོས་འཕངས་པའི་ལམ་ནས་མཐའ་མའི་རྒྱལ་ཕམ་འགྲོ་ལུགས་ཀྱི་ཐོག་ནས་ཕྱིན་ཡོད་པ་རེད།
བོད་རིགས་བསྟན་འཛིན་ལགས་ཀྱི་རོལ་དབྱངས་རུ་ཁག་(Mountain Soul) ཞེས་པའི་ནང་གཞས་རྣམ་པ་འདྲ་མིན་གྱི་ཐོག་ནས་བཏང་མཁན་མི་གྲངས་ལྔ་ཡོད་པ་དང་། རེས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་འགྲན་བསྡུར་བྱས་པའི་སྐབས། བསྟན་འཛིན་དོན་ཡོད་ལགས་ནས་རྒྱ་གར་གྱི་གཞས་ཡིན་པ་གང་ཞིག་ལ་བོད་པའི་རྣམ་ཐར་དང་ཆོས་ཕྱོགས་ཀྱི་རྟ་དབྱངས་སོགས་གང་ཐུབ་ཀྱི་བེད་སྤྱོད་བྱས་པར་ཚང་མས་དགའ་མོས་ཆེན་པོ་བྱས་ཡོད་པ་རེད། བསྟན་འཛིན་དོན་ཡོད་ལགས་ནི་ཀ་ལོན་སྤུག་༼ Kalimpong༽ དུ་སྐྱེས་ཞིང་འཚར་ལོང་བྱུང་བ་དང་རྒྱུན་དུ་བོད་པའི་རོལ་གཞས་ལ་དོ་སྣང་དང་སྦྱང་བརྩོན་གྱིས་ལྷ་མོ་དང་གངས་ལྗོངས་ཟློས་གར་ཚོགས་པ་བཅས་པའི་ནང་ཞུགས་མྱོང་འདུག་ལ་སྒང་ཏོག་ནང་སློབ་གྲྭའི་དགེ་རྒན་ཡང་གནང་མྱོང་ཡོད་འདུག
ད་རེས་ཁོང་གི་རུ་ཁག་ལ་ཨང་དང་པོའི་བྱ་དགའ་ཐོབ་མེད་ཀྱང་། གཞས་པ་གྲགས་ཅན་མང་པོས་བསྟོད་བསྔགས་ཆེན་པོ་བཏང་གནང་ཡོད་རེད་ལ་ཁོང་རང་ཉིད་ནས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་བོད་པའི་སྒྱུ་རྩལ་བཏོན་གང་ཐུབ་གནང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎