ཕྱི་དྲིལ་བཀའ་བློན་མཆོག་ཁེ་ན་ཊའི་གྲོས་ཚོཊ་འཐུས་མིར་མཇལ་འཕྲད།


2016.02.18
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཁེ་ན་ཊའི་གྲོས་ཚོཊ་འཐུས་མིར་མཇལ་འཕྲད་སྐབས། ༢༠༡༦།༢།༡༧ ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཁེ་ན་ཊའི་གྲོས་ཚོཊ་འཐུས་མིར་མཇལ་འཕྲད་སྐབས། ༢༠༡༦།༢།༡༧
tibet.net

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། འདི་ཟླའི་ཚེས་༡༦ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། ཁེ་ན་ཊའི་རྒྱལ་ས་ཨོ་ཊ་ཝའི་ནང་། ཡུལ་དེའི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་དུ་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བརྗོད་གནང་འདུག
ད་ལམ་གྱི་མཇལ་འཕྲད་དེ་ནི་སྔ་ལོའི་ཕྱི་ཟླ་༡༠ནང་ཁེ་ན་ཊའི་རྒྱལ་ཡོངས་འོས་བསྡུའི་སྐབས་འདེམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མི་གསར་པ་རྣམས་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ངོ་སྤྲོད་གནང་བའི་གོ་སྐབས་ཐོག་མ་དེ་ཆགས་ཡོད་པ་དང༌། ལས་རིམ་འདི་བཞིན་ཁེ་ན་ཊའི་གྲོས་ཚོགས་བོད་ཀྱི་གྲོགས་པོ་ཚོགས་པ་དང་ཉེ་ཆར་བསྐོ་བཞག་བྱུང་བའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Arif Virani)མཆོག་གིས་གོ་བསྒྲིགས་གནང་བ་ཞིག་ཡིན་ཞིང༌། མཇལ་འཕྲད་དེའི་སྐབས་ཕྱི་དྲིལ་བཀའ་བློན་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག འཐུས་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་མཉམ་དོན་སྙིང་ལྡན་པའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་པ་དེར་རྒྱབ་སྐྱོར་གནང་དགོས་སྐོར་དང་། བོད་དོན་བདེན་མཐའ་གསལ་ཆེད་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་བཞིན་ཡོད་སྟབས། ཁེ་ན་ཊ་ཐེ་བའི་འཛམ་གླིང་ཡོངས་ཀྱི་སྲིད་གཞུང་ནས་སྲིད་བྱུས་དེ་བརྒྱུད་ནས་བོད་ཀྱི་གནད་དོན་གསལ་ཐབས་ཡོང་རྒྱུར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།
ཡང་ཕྱི་དྲིལ་བཀའ་བློན་མཆོག་གིས་གྲོང་ཁྱེར་ཨོ་ཊ་ཝར། བལ་ཡུལ་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང། བོད་ཀྱི་ཁོར་ཡུག་སོགས་ཀྱི་ཐོག་ལ་ཞབས་འདེགས་གྲུབ་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཐུག་འཕྲད་ཀྱང་གནང་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎