དོན་འགྲུབ་དབང་ཆེན་ལཊ་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟཊ་དངོས་སུ་བཞེས།


2018.11.21
དོན་འགྲུབ་དབང་ཆེན་ལགས་སུ་༢༠༡༢ལོར་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་པ་དངོས་སུ་བཞེས་སྐབས། ༢༠༡༨།༡༡།༢༠ དོན་འགྲུབ་དབང་ཆེན་ལགས་སུ་༢༠༡༢ལོར་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་པ་དངོས་སུ་བཞེས་སྐབས། ༢༠༡༨།༡༡།༢༠
Filming for Tibet

གསར་འགོད་པའི་སྲུང་སྐྱོབ་ཚོགས་པ་ཡིས་བོད་ཀྱི་གློག་བརྙན་བཟོ་བསྐྲུན་པ་དོན་འགྲུབ་དབང་ཆེན་ལགས་སུ་༢༠༡༢ལོར་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་སྤྲད་པ་དངོས་སུ་བཞེས་འདུག
དེ་ཡང་སྤྱི་ཟླ་༡༡པའི་ཚེས་༢༠ཉིན་གྱི་དགོང་མོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་གསར་འགོད་པའི་སྲུང་སྐྱོབ་ཚོགས་པ་ནས་ལོ་རེའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་མི་སྣར་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་སུ། ཁོང་དེ་སྔོན་རྒྱ་ནག་གི་བཙོན་དུ་ཡོད་སྐབས། སྤྱི་ལོ་༢༠༡༢ལོའི་རྒྱལ་སྤྱིའི་གསར་འགོད་པའི་རང་དབང་གི་གཟེངས་རྟགས་ཐོབ་པ་དེ་ད་ལྟ་དངོས་སུ་ཁོང་གི་ལག་པར་སྤྲད་ཡོད་པ་རེད།   
གསར་འགོད་པའི་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་ཁེ་ཌི་མར་ཌོན(Kati Marton)ལགས་ནས་བོད་ཀྱི་གློག་བརྙན་བཟོ་བསྐྲུན་པ་དང་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་དང་། མགོ་ལོག་འཇིགས་མེད་ལགས་ནས་བོད་མིའི་བསམ་ཚུལ་ངོ་མ་བརྗོད་པའི་འཇིགས་བྲལ་གློག་བརྙན་བཟོས་བར་བརྟེན་རྒྱ་ནག་གི་བཙོན་དུ་ལོ་དྲུག་ཁྲིམས་ཆད་འཁུར་བའི་བརྒྱུད་རིམ་སོགས་འགྲེལ་བརྗོད་གནང་འདུག
དེ་བཞིན་དོན་འགྲུབ་དབང་ཆེན་ལགས་ཀྱིས་གཟེངས་རྟགས་མཛད་སྒོའི་ཐོག་གསུང་དོན།
སྤྱི་ལོ་༢༠༡༢ལོར་གསར་འགོད་པའི་སྲུང་སྐྱོབ་ཚོགས་པས་ང་རང་གསར་འགོད་རང་དབང་གི་བྱ་དགའ་འདི་གནང་བ་ནི་ང་རང་ལ་མཚོན་ན་བོད་ནང་གི་ཆབ་སྲིད་བཙོན་པ་རྣམ་པ་དང་བོད་མི་ཡོངས་ལ་གདུང་སེམ་མཉམ་བསྐྱེད་དང་དྲང་བདེན་ལ་རྒྱབ་སྐྱོར་བྱས་བར་ངོས་འཛིན་ཞུ་གི་ཡོད། བོད་ནང་གི་གནས་ཚུལ་དེ་ཧ་ཅང་ཛ་དྲག་རེད། དེང་སྐབས་འཛམ་གླིང་ནང་གི་བཙོན་ཁང་ཆེ་ཤོས་ལྟ་བུར་གྱུར་ཡོད་པ་རེད། དེ་རིང་འདིར་ཕེབས་ཡོད་པ་རྣམ་པ་ཚང་མས་བོད་ནང་གི་གནས་སྟངས་དེ་ས་ཡི་གོ་ལ་འདིར་ཤེས་རྟོགས་དང་ཁྱབ་སྤེལ་གཏོང་རྒྱུར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་གསར་འགོད་པའི་སྲུང་སྐྱོབ་ཚོགས་པ་ནི། སྤྱི་ལོ་༡༩༩༡ལོར་གསར་འཛུགས་གནང་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེས་འཛམ་གླིང་གི་གསར་འགྱུར་རང་དབང་དང་གསར་འགོད་པ་ཁེ་དབང་སྲུང་སྐྱོབ་ཆེད་ཕྱག་ལས་གནང་གི་ཡོད་ལ། ལོ་རེའི་སྤྱི་ཟླ་བཅུ་གཅིག་པར་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གི་གསར་འགྱུར་ལས་རིགས་ཐད་ཕྱག་རྗེས་འབུར་དུ་ཐོན་མཁན་ཚོར་བྱ་དགའ་ཕུལ་ནས་གསར་འགྱུར་དང་སྨྲ་བརྗོད་རང་དབང་ཐད་སྐུལ་མ་གནང་གི་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎