རྡ་ས་རུ་ཁག་ལ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་༢༨པའི་རྒྱལ་ཁ་ཐོབ་པ།
2023.06.11
ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༡༡ ཉིན་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་༢༨པའི་མཐའ་མའི་འགྲན་བསྡུར་ཁྲོད། རྡ་ས་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གྱིས། རྡ་ས་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ་པ། ཐེངས་འདིའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཁྲོད། ཨོ་སི་ཀྲི་ལི་ཡ། བལ་ཡུལ། ཡུ་རོབ་དང་དེ་བཞིན་རྒྱ་གར་བཅས་ནས་རུ་ཁག་བཅུ་དྲུག་མཉམ་བཞུགས་གནང་ཡོད་ཅིང་། འདི་ཚེས་༡ནས་༡༡བར་རྩེད་འགྲན་གྱིས་མཐའ་མའི་འགྲན་བསྡུར་ཁྲོད། རྡ་ས་རུ་ཁག་གིས་དོན་གྲུབ་གླིང་རུ་ཁག་ལ་སྤོ་ལོ་གཉིས་བླུགས་ཏེ། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་༢༨པའི་རྒྱལ་ཁ་ཐོབ་པ།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།