མུན་ནག་གི་ཉིན་མོ་ཞེས་པར་དྲན་གསོ།

གཞོན་ནུ་ལྷན་ཚོགས་གཙོས་རང་དབང་འཐབ་རྩོད་གནང་མཁན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གིས་མུན་ནག་གི་ཉིན་མོ་ཞེས་དྲན་གསོ།

༄༅༎ཁ་ས་ཕྱི་ཟླ་༥་པའི་ཚེས་༢༣་འདི་སྟེ་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་གནོན་གྱིས་བོད་མིའི་སྐུ་ཚབ་ལ་གྲོས་མཐུན་དོན་ཚན་༡༧ཞེས་པ་འདི་བཙན་དབང་གིས་བཞག་བཅུག་སྟེ་ལོ་ངོ་༦༡འཁོར་བའི་དུས་དྲན་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་རང་དབང་འཐབ་རྩོད་གནང་མཁན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གིས་མུན་ནག་གི་ཉིན་མོ་ཞེས་དྲན་གསོ་བྱས་ཡོད་པ་རེད་

དེ་ཡང་ཁ་ས་བཙན་བྱོལ་བོད་མིའི་ཚོས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་་གཙོས་པས་ས་གནས་གང་སར་རྒྱ་ནག་གཞུང་ལ་རྔམ་སྟོན་ཁྲོམ་བསྐོར་གྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་སོགས་བརྒྱུད་མུན་ནག་གི་ཉིན་མོ་འདི་སྲུང་བརྩིས་བྱས་ཡོད་པ་དང་བཞུགས་སྒར་རྡ་རམ་ས་ལར་བོད་རིགས་རྩོམ་བྲིས་པ་དང་རྡ་རམ་ས་ལའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བཙོན་འགྲུས་ལགས་ཀྱིས་གྲོས་མཐུན་དོན་ཚན་༡༧་ཟེར་བ་དེས་བོད་མི་ཚོས་རང་དབང་དང་འདྲ་མཉམ་ངང་བཞག་པའི་གྲོས་མཐུན་ཞིག་མིན་པ་དང་ འདི་ནི་ཞི་བདེར་གནས་པའི་བོད་རྒྱལ་ཁབ་ལ་དྲག་པོའི་བཙན་གནོན་གྱིས་བཙན་སྐུལ་བྱས་པ་ཞིག་ཡིན་པའི་གྲོས་མཐུན་དེར་བོད་མི་ཚོས་ངོས་ལེན་གཏན་ནས་མེད་སྐོར་ གསུངས་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org