༄༅༎བོད་ནང་ས་ཁུལ་མང་པོ་བྱེ་ཐང་དུ་འགྱུར་བཞིན་པ་དེ་ཕྱི་ལོ་ཉིས་སྟོང་བཅུ་ནང་ཚུད་བཀག་སྡོམ་བྱ་རྒྱུའི་སྐོར་རྒྱ་ནག་གཞུང་གིས་གཏམ་བཤད་སྤེལ་འདུག
ཁ་ས་ལྷ་ས་ནས་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུཨ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་ད་ལྟའི་སྐབས་སུ་བོད་ཀྱི་ས་ཁྱོན་ཧེཀ་ཊར་ས་ཡ་ཉི་ཤུ་རྩ་གཅིག་དང་གྲངས་ཆུང་བདུན་ནམ་ས་ཁྱོན་བརྒྱ་ཆ་བཅོ་བརྒྱད་བྱེ་ཐང་ཡིན་ལུགས་སྐོར་བོད་ཀྱི་ནགས་ཚལ་ལས་ཁུངས་ཀྱི་འགན་འཛིན་སངས་རྒྱས་ཟླ་བ་ལགས་ཀྱིས་གསུངས་ཡོད་པ་རེད།
བོད་ཀྱི་ས་ཁུལ་གང་སར་ས་ཁྱོན་བྱེ་ཐང་དུ་འགྱུར་བའི་རྐྱེན་རྩ་ནི་ལོ་མང་རིང་གཏེར་ཁ་བསྔོགས་འདོན་དང་ནགས་ཚལ་གཅོད་འབྲེག་ཤུགས་ཆེ་བྱས་པའི་ཤུགས་རྐྱེན་ལ་བརྟེན་ནས་ཡིན་པར་བརྗོད་འདུག བོད་རང་སྐྱོང་ལྗོངས་ཀྱི་ནགས་ཚལ་ལས་ཁུངས་ཀྱི་འགན་འཛིན་སངས་རྒྱས་ཟླ་བ་ལགས་ཀྱིས་གསུངས་ན་བོད་ནང་ས་ཞིང་བྱེ་ཐང་དུ་འགྱུར་བའི་མྱུར་ཚད་འགོག་ཐབས་སླད་ཤིང་ནགས་འདེབས་བཙུགས་ཀྱི་ལས་དོན་སྤེལ་མུས་ཡིན་སྐོར་དང་ཕྱི་ལོ་ཉིས་སྟོང་བཅུ་ནང་ཚུད་བྱེ་ཐང་གི་མྱུར་ཚད་སྔོན་འགོག་དང་ཕྱི་ལོ་ཉིས་སྟོང་ཉི་ཤུ་ཙམ་ལ་བྱེ་ཐང་རྩྭ་ཐང་ལ་བསྐྱར་གསོའི་ལས་འགུལ་སྤེལ་རྩིས་ཡོད་ལུགས་སྐོར་འགྲེལ་བརྗོད་བྱས་འདུག།