བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཀའ་བསྡུར་ལྷུགས་པོ་གནང་ཡོད་པ།

2024.10.08
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཀའ་བསྡུར་ལྷུགས་པོ་གནང་ཡོད་པ། སྤྱི་འཐུས་ཚོགས་གཞོན་དང་ཨ་རིའི་གཞུང་ཚབ་ཁང་གི་སྐུ་ཚབ་ཚོགས་ཆུང་། ༢༠༢༤།༡༠།༠༨ ཉིན།
TPIE

ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༨ ཉིན་གྱི་སྔ་དྲོ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་སྐུ་ཞབས་ཇེམ་སི་པ་ལས་མན་ (James Plasman) ལགས་དང་། མེཀ་ཁེ་རེ་མར་ (Mike Cramer) ལགས། ཨཇེ་དྷ་ཡལ་ (Ajay Dayal) ལགས་བཅས་ལས་གྲུབ་པའི་ཨ་རིའི་གཞུང་ཚབ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས། ཨ་རིའི་གཞུང་དང་གྲོས་ཚོགས་དེ་བཞིན་མང་ཚོགས་བཅས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཐད་རྒྱབ་སྐྱོར་དང་མཐུན་འགྱུར་ཟམ་མི་ཆད་པ་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་ཡོད་པ་དང་། རྒྱ་ནག་གཅིག་གི་སྲིད་བྱུས་དེར་ལོ་རྒྱུས་ཀྱི་གསལ་ཁ་ཞན་པའི་རྐྱེན་གྱིས་བོད་ལ་ནམ་ཡང་འཇུག་ཐབས་མེད་པ་དང་བདེན་པ་དག་སྐྱེལ་འཕེར་བ་ཞིག་གང་ཡང་མེད་ཅེས་གསུངས་པ་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གི་འཁྱོག་བཤད་དེ་དག་གི་འོག་མི་ཚུད་པ་གནང་དགོས་གལ་ཆེ་བ་རེད་ཅེས་གསུངས་འདུག

མ་ཟད་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྒྱ་སྒྱུར་དང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་འོག བོད་ཀྱི་ཆོས་དང་སྐད་ཡིག་ལ་དམ་དྲག་གིས་བོད་པའི་ཕྲུག་གུ་རྣམས་རྒྱ་ནག་གཞུང་གིས་ཆེད་བཙུགས་བྱས་པའི་གཏན་འཇགས་སློབ་གྲྭར་བཙན་གྱིས་བཏང་བ་དང་། བོད་དང་རྒྱ་ཧན་མི་རིགས་དབར་བཙན་གྱིས་གཉེན་སྒྲིག་བྱེད་བཅུག་པ་སོགས་ཀྱི་ཛ་དྲག་གནས་ཚུལ་ཁག་གཅིག་ངོ་སྤྲོད་གནང་བ་དང་། ལྷག་པར་བོད་ཀྱི་ཁོར་ཡུག་དང་གཙང་པོ་རྣམས་ནི་ཨེ་ཤི་ཡ་ཙམ་མ་ཟད་གོ་ལ་སྤྱི་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྐོར་སོགས་བོད་མཐོ་སྒང་ཁོར་ཡུག་གི་གལ་གནད་ཞིབ་རྒྱས་འགྲེལ་བརྗོད་གནང་ཡོད་པ་རེད་འདུག

གཞན་ཡང་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་ཨ་རིའི་གཞུང་ཚབ་ཁང་གི་སྐུ་ཚབ་ཚོགས་ཆུང་དང་ལྷན་བོད་ཀྱི་མང་གཙོའི་འཕེལ་རིམ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་དང་གྲུབ་ཆ་སོགས་ཀྱི་སྐོར་ལ་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎