མེཀསི་ཀོའི་གྲོས་ཚོཌ་སུ་རྒྱ་ནག་གཞུང་ཚབ་པ་སླེབས་པའི་སྐབས་གྲོས་ཚོགས་འཐུས་མིས་བོད་ཀྱི་རྒྱལ་དར་ཕྱྭར་ཏེ་བོད་ལ་རང་དབང་དགོས་པའི་སྐད་འབོད་གནང་པ།

2023.04.29
མེཀསི་ཀོའི་གྲོས་ཚོཌ་སུ་རྒྱ་ནག་གཞུང་ཚབ་པ་སླེབས་པའི་སྐབས་གྲོས་ཚོགས་འཐུས་མིས་བོད་ཀྱི་རྒྱལ་དར་ཕྱྭར་ཏེ་བོད་ལ་རང་དབང་དགོས་པའི་སྐད་འབོད་གནང་པ།
བོད་མིའི་སྒྲིག་འཛུགས།

ཕྱི་ཟླ ༤ ཚེས་ ༢༦ ཉིན་མེཀསི་ཀོའི་ (Mexico) གྲོས་ཚོགས་འཚོགས་པའི་དུས་སྐབས་སུ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Caro Cabrera དང་གྲོས་ཚོགས་འཐུས་ Ines Juarez རྣམ་གཉིས་ཀྱིས་བོད་ཀྱི་རྒྱལ་དར་ཕྱྭར་གནང་ནས་བོད་ལ་རང་དབང་དགོས་ཞེས་སྐད་འབོད་སྐར་མ་ཉི་ཤུ་ཙམ་གྱི་རིང་གནང་སྟེ།  མེཀསི་ཀོ་གྲོས་ཚོགས་ནང་ཡུལ་དེའི་ནང་གསར་དུ་བསྐོ་གཞག་བྱས་པའི་རྒྱ་ནག་གི་གཞུང་ཚབ་པ་གདན་འདྲེན་ཞུས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཞིག་ཆགས་ཀྱི་ཡོད་པ་ལྷོ་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་སྤེལ་བའི་གནས་ཚུལ་ནང་བཀོད་འདུག    མེཀསི་ཀོ་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Caro Cabrera དང་ Ines Juarez རྣམ་གཉིས་ནི་ཡུལ་དེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བཅུ་དགུ་ཡོད་པའི་ཁོངས་ནས་ཡིན་པ་དང་།  སྲིད་དོན་གྱི་ཚོགས་པ་ལྔ་ལས་སྒྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ནང་གསར་འཛུགས་གནང་བ་ཞིག་ཡིན་པ་རེད།  གཞན་ཡང་མེཀསི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་སླད་བཞུགས་སྒར་རྡ་རམ་ས་ལར་ཆེད་མངགས་བཅར་གནང་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎