སྲིད་སྐྱོང་སློབ་ཡོན་དང་ཉམ་ཐག་སློབ་ཡོན་སོཊ་ཀྱི་སྔོན་འགྲོའི་ཆ་རྐྱེན།


2016.04.18
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས། ༢༠༡༤ བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས། ༢༠༡༤
Photo: RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༡༦་ལོའི་ཤེས་རིག་སློབ་ཡོན་འཆར་གཞི་གསར་པ་དང་འབྲེལ་བའི་གསལ་བསྒྲགས་སྤེལ་བའི་ནང་། སྲིད་སྐྱོང་སློབ་ཡོན་དང་ཉམ་ཐག་སློབ་ཡོན་སོགས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་དུས་བཀག་ཁྱབ་བསྒྲགས་གནང་འདུག།    
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ལམ་བརྒྱུད་ནས་ཕྱི་ཟླ་བཞི་པའི་ཚེས་༡༨་ཉིན་གནས་ཚུལ་སྤེལ་དོན་ལྟར་ན། ཕྱི་ལོ་༢༠༡༦་ལོའི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འཆར་གཞི་གསར་པ་འབྲེལ་བའི་ཁྱབ་བསྒྲགས་ནང་། སློབ་ཡོན་གྱི་སྡེ་ཚན་དྲུག་ཏུ་ཆ་བགོས་གནང་ཡོད་ཅིང་། དེ་ཡང་སྲིད་སྐྱོང་གི་སློབ་ཡོན་དང་། སྲིད་སྐྱོང་ཆེ་བསྟོད་ལག་ཁྱེར་གྱི་སློབ་ཡོན། སྲིད་སྐྱོང་གཟེངས་བསྟོད་ལེགས་གསོལ་བྱ་དགའ། ཕྱི་རྒྱལ་སྐད་ཡིག་གི་སློབ་ཡོན། དུས་ཐུང་ཆེད་ལས་སློབ་ཡོན། ཉམ་ཐག་སློབ་མར་སློབ་ཡོན་བཅས་བཀོད་གནང་འདུག།  
དེ་བཞིན་སྲིད་སྐྱོང་གི་སློབ་ཡོན་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁུངས་སློབ་གྲ་ཁག་ནས། འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཕྱོགས་བསྡོམས་རྒྱ་ཆ་༩༥་ལོན་དགོས་པ་མ་ཟད། བོད་ཡིག་ནང་ཨང་རིམ་དང་པོ་བརྒྱ་ཆ་༦༠་ཉུང་མཐའ་ལོན་དགོས་པ་དང་། སྲིད་སྐྱོང་གི་སློབ་ཡོན་ཐོབ་ཟིན་པ་རྣམས་ལ་མུ་མཐུད་ནས་ཐོབ་པར་གཙུག་ལག་སློབ་གྲ་གང་དུ་ཡོད་པ་དེའི་ནང་ལོ་རིམ་དང་པོ་དང་གཉིས་པ་སོ་སོའི་ཡིག་རྒྱུགས་ནང་བརྒྱ་ཆ་་༧༠་ངེས་པར་དུ་ལོན་དགོས་པའི་ཆ་རྐྱེན་གསལ་ཁ་བཏོན་གནང་འདུག
དེ་བཞིན་ལེགས་གསོལ་གྱི་བྱ་དགའ་འཆར་གཞིའི་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དང་དེ་མིན་སོ་སོའི་སྒེར་གྱི་འགྲོ་སོང་བཏང་ནས་སློབ་གཉེར་བྱེད་བཞིན་པའི་སློབ་མ། ལོ་རིམ་སོ་སོའི་ཡིག་རྒྱུགས་ནང་བརྒྱ་ཆ་༧༥་ཡན་ལོན་པ་རྣམས་ལ་སྒོར་ཁྲི་གཅིག་གི་ལེགས་གསོལ་བྱ་དགའ་ལས་འཆར་གསལ་བསྒྲགས་གནང་འདུག
དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་ཞིབ་འཇུག་གནང་བའི་གྲུབ་འབྲས་ནང་ཉམ་ཐག་ཨང་གི་པ་ཐོབ་པའི་ནང་མིའི་སློབ་མ་འཛིན་རིམ་བཅུ་གཉིས་ནང་བརྒྱ་ཆ་༤༠་ཐོབ་པ་རྣམས་ལ་མཐོ་སློབ་དང་ལས་རིགས་སློབ་སྦྱོང་ནང་ཞུགས་འདོད་ཡོད་ཚེ་དམིགས་བསལ་གྱི་སློབ་ཡོན་བཅས་ཀྱི་ལས་འཆར་ཁ་གསལ་ངོ་སྤྲོད་གནང་འདུག།    

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎