བོད་ཀྱི་ལོ་གསར་ལ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

རྒྱལ་སྤྱིའི་ནང་གནས་སྡོད་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོས་བོད་ཀྱི་ལོ་གསར་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

༄༅༎རྒྱལ་སྤྱིའི་ནང་གནས་སྡོད་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོས་བོད་ཀྱི་ལོ་གསར་ལ་དགའ་སྟོན་རྟེན་འབྲེལ་གནང་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་གནང་བཞིན་པའི་སྐབས་དེར་བོད་ཀྱི་ནང་དུ་ཡོད་པའི་བོད་མི་ཚོ་རྒྱ་ནག་གཞུང་གིས་དམ་བསྒྲགས་འོག་སེམས་སྡུག་ཆེན་པོའི་ངང་གནས་ཡོད་པ་རེད་བཞག

དེ་ཡང་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་བཀོད་པར་གཞིགས་ན་འདི་ལོ་ལོ་གསར་གཏོང་རྒྱུའི་དུས་ཚོད་དེའི་རིང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཐད་སྔོན་འགོག་བྱེད་རྒྱུའི་ཆེད་དུ་རྒྱ་ནག་གཞུང་གིས་བོད་ནང་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་བྱས་པའི་ཐོག་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་བསྐྱོད་རྒྱུ་བཀག་སྡོམ་བྱས་པ་མ་ཟད་ཁ་དཔར་དང་དྲ་རྒྱ་སོགས་བཀག་སྡོམ་བྱེད་པ་དང་ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་གྱི་རྣམ་པ་ཅུང་ཙམ་ཞིག་ཐོན་ཀྱང་དེའི་ཐད་རྡུང་རྡེག་ཤུགས་ཆེ་གཏོང་འགོ་ཚུགས་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་དམག་དཔུང་འགྲེམས་འཇོག་བྱས་ནས་བཙན་ཤེད་ཀྱིས་འདི་ལོའི་ལོ་གསར་གྱི་དགའ་སྟོན་རྟེན་འབྲེལ་བྱེད་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་ཀྱང་བོད་ནང་ཡོད་པའི་བོད་མི་ཚོས་རྒྱ་ནག་གཞུང་གིས་བཙན་ཤེད་བྱེད་མིན་ལ་མ་ལྟོས་པར་ལོ་གསར་གྱི་དགའ་སྟོན་རྟེན་འབྲེལ་མ་གནང་བར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་མྱ་ངན་གྱི་རྣམ་པ་སྟོན་གནང་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org