སྐྱེ་རྒུ་མདོའི་ས་ཡོམ་འོག་ཚེ་སྲོག་ཤོར་བའི་གྲངས་འབོར།

ཕྱི་ཟླ་བཞི་པའི་ནང་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཕོག་ནས་ད་བར་མི་གྲངས་༢༦༩༨ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ།

2010.05.31

༄༅༎ད་ལོ་ཕྱི་ཟླ་བཞི་པའི་ཚེས་༡༤ཉིན་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཕོག་ནས་ད་བར་མི་གྲངས་༢༦༩༨ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རྒྱ་ནག་གཞུང་གིས་ད་རེས་གཟའ་ཟླ་བའི་ཉིན་གྲངས་འབོར་ཟིན་ཐོ་བསྐྱར་དུ་ཕྱིར་བསྒྲགས་བྱས་ཡོད་པ་དང་ཡང་མི་གྲངས་༢༧༠ཙམ་རྩལ་རྙེད་ཐུབ་མེད་པ་རེད་

དེའི་གོང་རྒྱ་ནག་གཞུང་ཕྱོགས་ས་ཡོམ་གྱི་གོད་ཆགས་འོག་མི་གྲངས་༢༢༠༠ཙམ་རྐྱེན་འདས་སུ་ཕྱིན་པ་ཕྱིར་བསྒྲགས་བྱས་ཡོད་ཅིང་ད་རེས་ཕྱི་ཚེས་༣༡ཉིན་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་༢༦༩༨ཟིན་གྱི་ཡོད་པ་སྐྱར་དུ་ཕྱིར་བསྒྲགས་བྱས་ཡོད་པ་རེད་ རྒྱ་ནག་གཞུང་གི་ཕྱིར་བསྒྲགས་དེའི་ནང་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་གང་འདྲ་བྱས་ནས་ཞིབ་རྩིས་བྱས་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འཁོད་མེད་པ་དང་ དེའི་གོང་ཙམ་དུ་གནས་ཚུལ་ཁག་ཅིག་ནང་ས་ཡོམ་གྱི་གོད་ཆགས་དེའི་འོག་མི་གྲངས་ཁྲི་གཅིག་ལྷག་རྐྱེན་འདས་སུ་ཕྱིན་པའི་སྐོར་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎