ཧེ་ཊི་ནང་སྐྱུག་བཤལ་ཀྱི་གནད་ཡམས་ཁྱབ་གདལ།
2011.10.02
༄༅༎ཧེ་ཊི་(Haiti)ནང་སྐྱུག་བཤལ་གྱི་ནད་གཞི་ཁྱབ་གདལ་གྱིས་ཡུལ་མི་ཁྲི་དྲུག་ལྷག་གི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག
སནྟོ་དྷོ་མིངྒོ་ནས་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀེ་རི་བེའན་མཚོ་གླིང་གི་ཡུལ་གྲུའི་ནང་སྐྱུག་བཤལ་གྱི་ནད་ཡམས་ཁྱབ་གདལ་གྱིས་སྔ་ལོ་ཕྱི་ཟླ་བཅུ་པ་ནས་ད་བར་ཡུལ་མི་དྲུག་སྟོང་བཞི་བརྒྱ་སུམ་ཅུ་སོ་ལྔ་(༦༤༣༥)རྐྱེན་ལམ་དུ་ཕྱིན་ཡོད་འདུག། ཡུལ་དེའི་འཕྲད་བསྟེན་ལས་ཁུངས་ཀྱིས་སྙན་ཐོ་ཞིག་བཏོན་པའི་ནང་ ད་བར་ཡུལ་མི་འབུམ་བཞི་དང་ལྔ་ཁྲི་ལྔ་སྟོང་བདུན་བརྒྱ་ཉི་ཤུ་རྩ་བདུན་(༤༥༥༧༢༧)ལ་སྨན་བཅོས་བྱས་ཡོད་པ་ནས་ ཉིས་འབུམ་ཞི་ཁྲི་ཉིས་སྟོང་ཉིས་བརྒྱ་ལྔ་(༢༤༢༢༠༥)ད་དུང་སྨན་ཁང་ནང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག། ནད་གཞི་དེ་སྡུག་ཤོས་ནུབ་ཕྱོགས་ཀྱི་མངའ་སྡེ་ཨར་ཊི་བྭོ་ནའི་ཊེ་ཞེས་པ་བྱུང་ཡོད་པ་དང་དེར་ཡུལ་མི་ཆིག་སྟོང་བརྒྱ་དང་དགུ་བཅོ་གོ་དྲུག་(༡༡༩༦)་གྲོངས་ཡོད་འདུག། རྒྱལ་ས་ པོརྚི་ཨུ་ པིརིནྶེ་ ནང་ཡུལ་མི་༢༢༡དང་ལྷོ་)ཕྱོགས་ཀྱི་མངའ་སྡེ་ ནིཔེསེ་ནང་ཡུལ་མི་༡༨༡གྲོངས་ཡོད་འདུག།