༸གོང་ས་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་གནང་རྒྱུ།

དབྱིན་ཇིའི་སྲིད་བློན་མཆོག་གིས་༸གོང་ས་མཆོག་ཆིབས་བསྒྱུར་གནང་སྐབས་མཇལ་འཕྲད་གནང་རྒྱུ་ཡིན་པ་གསུངས་འདུག

2008.05.12

༄༅༎དབྱིན་ཇིའི་སྲིད་བློན་ གྷོར་ཌོན་ བྷ་རའུན་ མཆོག་གིས་༸གོང་ས་མཆོག་ཕྱི་ཚེས་ ༢༣ ་ཉིན་མཇལ་འཕྲད་གནང་རྒྱུ་དང་

སྐབས་དེར་ཉེ་ཆར་བོད་ནང་བྱུང་བའི་དྲག་ཟིང་གི་གནས་ཚུལ་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པའི་སྐོར་སྲིད་བློན་མཆོག་གི་མགྲིན་ཚབ་པས་གསུངས་འདུག སྲིད་བློན་མཆོག་གི་མགྲིན་ཚབ་པས་སྲིད་བློན་གི་༸གོང་ས་མཆོག་དང་མཇལ་འཕྲད་དེ། ༸གོང་ས་མཆོག་ནི་ཆོས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་གཙོ་དོན་དང་མཇལ་འཕྲད་དེ་ཡང་སྲིད་བློན་ལས་ཁུངས་སུ་མ་ཡིན་པར་དབྱིན་ཇིའི་ཆོས་ལུགས་ཀྱི་དབུ་ཁྲིད་ ཨར་ཁ་བྷི་ཤོཔ་ ཨོཕ་ ཀེན་ཊར་བྷ་རི་ ཞེས་པའི་གཟིམ་ཤག་ཏུ་གནང་རྒྱུ་ཡིན་སྐོར་གསུངས་འདུག གསར་འགོད་པས་སྲིད་བློན་གྱི་མགྲིན་ཚབ་པར་དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེའི་སྐབས་སྲིད་དོན་གྱི་བཀའ་མོལ་གནང་རྒྱུ་ཡིན་མིན་སྐོར་འདྲི་བ་ཞུས་སྐབས། ཁོང་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་བཀའ་གྲོས་གནང་རྒྱུའི་གོ་སྐབས་ཤིག་ཆགས་རྒྱུ་ཡིན་པའི་སྐོར་ལན་འདེབས་གནང་འདུག སྲིད་བློན་བྷ་རའུན་མཆོག་གི་སྔོན་མ་སྲིད་བློན་ཊོ་ནི་བྷེལེཡར་དང་སྲིད་བློན་ཇོན་མེཇོར་རྣམ་གཉིས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་དེ་སྲིད་བློན་ལས་ཁུངས་ཌའུང་ནིང་སྚིཊ་ཞེས་པ་དེར་གནང་ཡོད་པ་རེད།༸གོང་ས་མཆོག་ཕྱི་ཚེས་ ༢༣ ་ནས་དབུ་འཛུགས་བཞུགས་ཞག ༡༡ རིང་དབྱིན་ཡུལ་ནང་མཛད་འཕྲིན་བསྐྱང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎