༧གོང་ས་མཆོག་གིས་ལ་དྭགས་སུ་སྤྱོད་མཇུག་གི་བཀའ་ཁྲིད་སྩལ་བ།


2018.07.30
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་དྭགས་དུ། ༢༠༡༨།༧།༣༠ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་དྭགས་དུ། ༢༠༡༨།༧།༣༠
OHHDL

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་འཚལ་གསུང་ཆོས་རྭ་བའི་ནང་དད་ལྡན་མང་ཚོགས་ལ་སྤྱོད་མཇུག་ཆེན་མོའི་གསུང་ཆོས་དབུ་འཛུགས་མཛད་འདུག
དེ་ཡང་སྔ་ལོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་སུ་སྤྱོད་མཇུག་ལེའུ་དྲུག་པ་བར་གནང་ཞིང་།  ཕྱི་ཟླ་ ༧ ཚེས་ ༣༠ ནས་དབུ་འཛུགས་ཀྱིས་ལ་དྭགས་ཕོ་བྲང་ཞི་བའི་འཚལ་གྱི་གསུང་ཆོས་རྭ་བའི་ནང་དད་ལྡན་ཉི་ཁྲི་བརྒལ་བར་སྔ་ལོའི་སྤྱོད་མཇུག་བཤད་ཁྲིད་ཀྱི་འཕྲོས་ཚར་ཆོས་འབྲེལ་དབུ་འཛུགས་གནང་པ་དང་། ཕྱི་ཟླ་ ༨ ཚེས་ ༡ བར་གནང་རྒྱུ་ཡིན་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་གྲུབ་མཐའ་བ་སྨྲ་བ་བཞི་ཀས་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པ་འདོད་པ་གཅིག་མཚུངས་ཡིན་ཡང་།  ཆོས་རྣམས་རང་ངོས་ནས་གྲུབ་མིན་ཐད་གྲུབ་མཐའ་སོ་སོའི་བཞེད་པ་མི་མཐུན་པ་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
ཡང་དུས་རབས་བརྒྱད་པའི་རྒྱ་གར་གྱི་སློབ་དཔོན་ཞི་བ་འཚོས་སྤྱོད་མཇུག་མཛད་པའི་དམིགས་ཡུལ་གཙོ་བོ་ནི།  ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབས་སྟོང་པ་ཉིད་ཟུང་འབྲེལ་གྱི་ཐོག་ནས་བྱང་ཆུབ་སེམས་པའི་སྤྱོད་པ་སློབ་ཚུལ་བསྟན་པ་དེ་ཡིན་པ་བཀའ་གནང་ཞིང་། སྤྱོད་མཇུག་ཆེན་མོའི་བརྩོན་འགྲུས་ཀྱི་ལེའུ་ནི་རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་རྒྱུར་བརྩོན་འགྲུས་ནི་མེད་དུ་མི་རུང་བ་ཡིན་ཞིང་། དེ་ཡང་བརྩོན་འགྲུས་ཀྱི་བསམ་པས་གཞན་དོན་ཁུར་དུ་བླངས་རྒྱུའི་སྙིང་སྟོབས་འབྱིན་པ་བཀའ་གནང་ཡོད་པ་རེད།
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ཀྱི་ངོ་མ་ཞིག་རྒྱུད་ལ་སྐྱེས་པར་ངེས་པར་དུ་ཤེས་རབས་ཀྱི་གྲོགས་དགོས་པ་བཀའ་གནང་ཞིང་། བྱང་ཆུབ་སེམས་པ་ཚོགས་ལམ་གྲོལ་ནས་སྦྱོར་ལམ་གྱི་གནས་སྐབས་ནས་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་ནས་ཡོང་དགོས་པ་དང་། དེའི་ཉམས་ལེན་གྱི་འབྲས་བུར་མཐོང་ལམ་སྐབས་སྟོང་པ་ཉིད་མངོན་གསུམ་དུ་རྟོགས་ནས་སེམས་ཀྱི་ཉོན་མོངས་ཟད་པར་བྱེད་ཀྱི་ཡོད་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ ལ་དྭགས་ཁྲིག་རྩེ་དགོན་པའི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད་རབ་གནས་མཛད་ཡོད་པ་རེད།

གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས་དང་། རྡོ་རྗེ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎