༧གོང་ས་མཆོག་མི་རིང་བར་རྒྱ་གར་བྱང་ཤར་ཁུལ་ལ་ཕེབས་འཆར།
2014.01.17
༧གོང་ས་མཆོག་ལ་རིང་མིན་རྒྱ་གར་བྱང་ཤར་ཨ་སམ་སོགས་ས་གནས་ཁག་གཅིག་ལ་ཉིན་གྲངས་དྲུག་རིང་གི་མཛད་འཆར་ཡོད་པ་རེད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་གར་བྱང་ཤར་ཨ་སམ་ས་གནས་འགོ་འཛིན་གྱི་དབུ་ཁྲིད་པའི་ས་གནས་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་སོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་། གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཤིང་། རིང་མིན་གོང་ས་མཆོག་རྒྱ་གར་ཨ་སམ་དང་། Megha Layaམེ་ག་ལ་ཡཱའི་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཤི་ལོང་གཉིས་ནང་ཆིབས་བསྒྱུར་བསྐྱང་རྒྱུ་མ་ཟད་། ད་དུང་དུས་ཡུན་ཉིན་གྲངས་དྲུག་རིང་འབྲེལ་ཡོད་མཛད་འཆར་ཁག་བསྐྱང་གཏན་འཁེལ་ཡོད་པ་རེད་འདུག
ཕྱི་ལོ་༢༠༡༤ཟླ་༢ཚེས་༣ཉིན་། གོང་ས་མཚོག་Martin luther Chirstian Universityཡི་ཤུའི་མཐོ་སློབ་མར་ཊིན་ལུ་ཐར་ཞེས་པའི་སློབ་གྲ་དེའི་བསླབ་པ་མཐར་སོན་གྱི་སློབ་ཕྲུག་ཚོའི་སློབ་ཐོན་མཛད་སྒོར་ཆིབས་སྒྱུར་བསྐྱང་སྟེ་བཀའ་སློབ་སྩལ་རྒྱུ་དང་། དེ་ནས་ཕྱི་ཚེས་༤ཉིནShillongཤི་ལོང་ས་གནས་ཀྱི་སྤོ་ལོའི་རྩེད་ཐང་ཞིག་ཏུ་། ས་གནས་དེའི་དད་ལྡན་མི་དམངས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོ་མཆོག་གིས་མཛད་པའི་ལག་ལེན་སོ་བདུན་མ་དང་། སྒྲོལ་དཀར་གྱི་ཚེ་དབང་བསྩལ་གནང་མཛད་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ་ཀུན་བཟང་རིག་འཛིན།